གནས་མཆོག་རྔ་བའིAPPའཕྲིན་སྟེགས་ཤར་གཏོང་བྱས་ཡོད།
རྩོམ་པ་པོ།:
ཡོང་ཁུངས།:རྔ་སྒྲ།
དུས་ཚོད།:2022-07-28
ཀློག་གྲངས།:

གནས་མཆོག་རྔ་བའི(美丽阿坝)APPནི་རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱིས་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུད་འདེད་གཏོང་བའི་བོད་རྒྱ་སྐད་གཉིས་ཀྱི་ཐོན་རྫས་ཤིག་ཡིན་ལ། འདིར་རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱི་ཚགས་པར་དང་བརྙན་འཕྲིན། རྒྱང་སྒྲོག་སོགས་འཕྲིན་སྟེགས་གསར་རྙིང་གཉིས་ཀྱི་ཆ་འཕྲིན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཡོད། གནས་མཆོག་རྔ་བའི་འཕྲིན་སྟེགས་འདིར་སྨྱན་བྱེད་སྒེའུ་ཁུང་དང་སྡེ་ཁག་སྒེའུ་ཁུང་། མི་སྒེར་སྒེའུ་ཁུང་སོགས་ཐོ་འགོད་བྱས་ཆོག་ལ། རྔ་བ་ཁུལ་གྱི་གསར་འགྱུར་འཕྲིན་སྤེལ་དང་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་མང་འོས་སྦྱོར་དང་ཡུལ་དངོས་ཐད་གཏོང་བྱེད་པ། བརྙན་འཕྲིན་ཆེད་བཀོད་ལེ་ཚན། དམངས་ཕན་སྟབས་བདེ། མཉམ་སྦྲེལ་མཉམ་བསྐྱོད་བཅས་གཞི་གཅིག་ཏུ་འབྲེལ་བའི་པར་རིས་དང་བརྙན། ཡི་གེ་སུམ་འཛོམས་ཀྱི་ཁྱོན་ཡོངས་བྱེད་ནུས་རང་བཞིན་གྱི་གཙོ་རྒྱུགས་བརྒྱུད་སྒྲོག་འཕྲིན་སྟེགས་ཤིག་ཡིན།

རང་གི་ཁ་པར་གྱི་ཕབ་ལེན་ཁྲོམ་རའི་འཚོལ་བཤེར་རེའུ་མིག་ཏུ美丽阿坝ཞེས་པའི་རྒྱ་ཡིག་འདི་བཞི་པོ་གཏགས་རྗེས་འཚོལ་བཤེར་བྱས་ན་འཆར་ངོས་སུ་གཤམ་གྱི་པར་རིས་འདི་ཡོད་སའི་སྒེའུ་ཁུང་ཞིག་ཤར་ཡོང་བས། དེའི་སྟེང་དུ་མནན་ཏེ་ནང་འཇུག་བྱས་རྗེས། གཤམ་གྱི་ཐོ་འགོད་གོ་རིམ་ལྟར་ཐོ་འགོད་བྱེད་དགོས།
གསལ་བཤད།མིག་སྔར་ཚོད་གཏོང་བྱེད་པའི་སྐབས་ཡིན། ཧ་ཝེ(华为)དང་ཝེལ་བོ(vivo)། ཀུ་ཤུ་ཁ་པར་གྱི་ཕབ་ལེན་ཁྲོམ་ར(应用市场)ནས་ཕབ་ལེན་བྱེད་ཐུབ། མི་འགྱངས་བར་དྲ་བའི་མ་ལག་ཡོད་ཚད་ནས་ཕབ་ལེན་བྱེད་ཐུབ། གལ་ཏེ་ཕབ་ལེན་བྱེད་པའི་གོ་རིམ་ཁྲོད་དུ་གནད་དོན་ཅི་ཡོད་ན་གཤམ་གྱི་ཁ་པར་ཨང་གྲངས་དང་ཡང་ན་ཞབས་མཆན་བཀོད་ནས་ང་ཚོར་འདྲི་རྩད་བྱོས་དང་། ང་ཚོས་དུས་ལྟར་ཁྱེད་ལ་ཅི་མཁོ་རོགས་རམ་བྱེད་ངེས།
འབྲེལ་ཡོད་འོས་སྦྱོར།