མྱ་ངན་ཐང་གི་འོད་ནུས་ཐོན་ལས།
རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་ཁང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-08-09
ཀློག་གྲངས།:

འོད་ནུས་ཐོན་ལས་གླིང་མ་བཙུགས་ཡར་སྔོན་གྱི་མྱ་ངན་ཐང་།

ད་ལྟའི་འོད་ནུས་ཤེལལེབ་འོག་ཏུ་སྔོ་ལྗང་རྩྭ་རིགས་ཀྱིས་ཁེངས་པ།

འོད་ནུས་ཐོན་ལས་ཀྱིས"ཕྱུགས་འོད་ཕན་ཚུན་གསབ་རེས"ལ་སྐུལ་ཁྲིད་ཐེབས་ཡོད་པ།

འོད་ནུས་ཐོན་ལས་གླིང་དུ་བཟོ་པས་གློག་གསོག་པང་ལེབ་གཙང་བཀྲུ་བྱེད་བཞིན་པ།

མཚོ་སྔོན་གྱི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆེས་མཐོ་བའི་ཆུ་གློག་ཕན་ཚུན་གསབ་རེས་ཀྱི་གློག་འདོན་ས་ཚིགས་སྟེ་ཚལ་རྔ་འགག་ཆུ་གློག་ས་ཚིགས།

ས་གནས་དེ་གའི་བསོད་ནམས་སྒྲོལ་མས་འོད་ནུས་ཐོན་ལས་གླིང་ཁུལ་དུ་ཕྱུགས་འཚོ་བཞིན་པ།

མཚོ་སྔོན་ནས་ཧི་ནན་བར་གྱི་ནུབ་གློག་ཤར་འདྲེན་གྱི་ཐད་རྒྱུག་མཐོ་གནས་གློག་ལམ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བཏུལ་ཐང་ན། སྤྱི་ལེ་ངོས་གྲུ་བཞི་མ་བརྒྱ་ཕྲག་ཁ་ཤས་ལས་བརྒལ་བའི་འོད་ནུས་གློག་འདོན་ཁུལ་དུ་སྔོ་ལྡེམ་མེར་བྱེད་པའི་འོད་ནུས་ཤེལ་ལེབ་ནི་བརྗིད་ཉམས་ཆེ་ཞིང་། དེའི་འོག་ཏུ་ཚང་ཚིང་སྟུག་པོར་སྐྱེས་པའི་གཟན་རྩྭ་ནི་ལྗང་ཏིག་གེར་བྱེད།སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་ལྷོ་ཁུལ་གྱིས་འོད་ནུས་བྱེ་བཅོས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། མྱ་ངན་ཐང་དུ་འགྱུར་བའི་ས་ཆ་དང་བྱེ་འགྱུར་ས་ཆར“གཉིས་ཆག”གི་རྣམ་པ་ཐོན་པར་བཅུག་ཡོད། “འོད་ནུས+སྐྱེ་ཁམས་བཅོས་སྐྱོང+སྐྱེ་ཁམས་ཕྱུགས་ལས”འཛུགས་སྐྲུན་རྣམ་པ་སྤྱད་དེ་སྣོད་བཅུད་སླར་གསོའི་ནུས་པ་འདོན་སྤེལ་བྱས་ནས་ཕྱུགས་ལས་གཉེར་སྐྱོང་བྱ་སའི་རྩྭ་ས་སླར་གསོ་ཡོང་རྒྱུར་འབད་པ་བྱས་ཡོད་ལ། འོད་ནུས་ཤེལ་ལེབ་ལས་གློག་འདོན་པ་དང་ཤེལ་ལེབ་འོག་ནས་ཕྱུགས་འཚོ་ཐུབ་པའི་ལེགས་ལམ་བཏོད་དེ་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བཟང་པོ་ཐོན་ཡོད།
མཚོ་སྔོན་དུ་ཉི་ནུས་ཀྱི་འོད་འཕྲོའི་ཐོན་ཁུངས་མོད་པོ་ཡོད་པ་དང་ཐང་རྒོད་ས་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ནུས་རྒྱུ་གཙང་མ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ་དང་འོད་ཤུགས་ཐོན་ལས་ཟམ་མི་ཆད་པར་སྟོབས་ཆེར་བཏང་ཡོད། དེའི་ནང་མཚོ་ལྷོ་ཁུལ་འདི་ཉིད་ས་བབ་མཐོ་བའི་ས་ཁུལ་དུ་གནས་ཤིང་། ཉི་འོད་ཕོག་ཡུན་རིང་བ་དང་འགྱེད་འཕྲོ་ཤུགས་ཆེ་བས་ལོ་ཧྲིལ་བོའི་ཆ་སྙོམས་ཉི་འོད་ཕོག་ཡུན་ཆུ་ཚོད༢༧༡༩ཟིན་གྱི་ཡོད་ལ། མྱ་ངན་ཐང་གི་གཞི་ཁྱོན་ཆེ་བས་འོད་ཤུགས་གློག་གི་ཐོན་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལྡན་ཡོད།
ད་ལྟ་འོད་ཤུགས་ཐོན་ལས་ནི་ས་གནས་དེ་གར་འཕེལ་རྒྱས་ཡག་པོ་བྱུང་ཡོད།
མཚོ་ལྷོ་ཁུལ་གྱིས་གཞི་ཁྱོན་ཆེ་བའི་ཐང་རྒོད་དུ་འགྱུར་དུ་བཞིན་པའི་ས་ཆ་དང་ཉི་ནུས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གཅིག་སྡུད་ཡུག་སྦྲེལ་གྱིས་བསྐྲུན་པ་དང་། ནུས་རྒྱུ་གསར་པའི་གློག་གཏོང་རྣམ་གྲངས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། ནུས་རྒྱུ་མང་པོ་ཕན་ཚུན་གསབ་རེས་ཀྱི་རྣམ་པ་འཚོལ་ཞིབ་བྱས་ནས་བསྐྲུན་ཡོད།
མཐོ་གནོན་གློག་སྐུད་རེ་རེ་ལ་བརྟེན་ནས་འོད་ནུས་གློག་ཤུགས་དེ་འོད་ཤུགས་གླིང་ནས་སྤྱི་ལེ༥༠ལྷག་ཡོད་པའི་ཚལ་རྔ་འགག་ཆུ་གློག་ས་ཚིགས་དང་ཐད་ཀར་སྦྲེལ་མཐུད་བྱས་ནས། མཚོ་སྔོན་གྱི་གློག་འདོན་ཤུགས་ཆེ་ཤོས་ཀྱི་ཆུ་འོད་གསབ་རེས་གློག་འདོན་ས་ཚིགས་ཞིག་བཙུགས་ཡོད།
མིག་སྔའི་བར་མཚོ་ལྷོ་ཁུལ་གྱི་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ནུས་རྒྱུ་གཙང་མའི་གློག་འདོན་ཤུགས་ཆན་ཝ་ཁྲི༢༧༩༤ཟིན་པ་དེའི་ནང་འོད་ཤུགས་གློག་འདོན་ཚད་ཆན་ཝ་ཁྲི༡༥༧༣ཟིན་ཡོད། ནུས་རྒྱུ་གཙང་མ་ཕྱིར་སྐྱེལ་བྱེད་པར་ཆེད་དམིགས་ཀྱིས་བསྐྲུན་པའི་ཆེས་མཐོ་གནོན་གློག་ལམ་སྟེ། ནུབ་གློག་ཤར་འདྲེན་གྱི་མཚོ་སྔོན་ནས་ཧོ་ནན་བར་གྱི་ཐད་རྒྱུག་གི་ཆེས་མཐོ་གནོན་གློག་ལམ་གྱིས་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་ཧོ་ནན་དུ་སྐྱེལ་འདྲེན་བྱས་ནས་ཁེ་ལས་དང་བཟོ་གྲྭ། ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་གཏོང་གིན་ཡོད།
“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་ཀྱིས་མྱ་ངན་ཐང་དང་། བྱེ་ཐང་། ཐང་རྒོད་བཅས་ཀྱི་རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་བསྐྲུན་པ་གོ་སྐབས་སུ་བྱས་ནས། ཁུལ་ནང་ཁུལ་གྱི་གུང་ཧོ་རྫོང་དང་། ཐུན་ཏེ་རྫོང་། ཀོས་ནན་རྫོང་། ཞིན་ཧེ་རྫོང་སོགས་ཀྱི་བྱེ་ཐང་དུ་འོད་ཤུགས་གློག་འདོན་རྟེན་གཞི་བསྐྲུན་ཏེ། ཆན་ཝ་ཁྲི༤༢༡༣གྱི་འོད་ཤུགས་གློག་འདོན་ལས་གཞི་བསྐྲུན་རྒྱུའི་འཆར་གཞི་བཟོས་ཡོད། མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་མཐོ་ས་གཏོད་རྒྱུ་འགག་གཏོར་སར་བྱས་ནས་ལྗང་མདོག་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་བཞིན་ཡོད།
མ་རྩོམ་གྱི་ཡོང་ཁུངས་ནི། མི་དམངས་ཉིན་རེའི་ཚགས་པར།
འབྲེལ་ཡོད་འོས་སྦྱོར།