logo

བློ་མཐུན་ཀྲང་ཅིན་བུན“རྒྱལ་ཡོངས་མི་དམངས་ཀྱི་ཡིད་ཚིམས་པའི་གཞུང་ཞབས་པར”བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2022-09-05 ཀློག་གྲངས།:
        ཟླ8པའི་ཚེས30ཉིན། རྒྱལ་ཡོངས“མི་དམངས་ཀྱི་ཡིད་ཚིམས་པའི་གཞུང་ཞབས་པ”དང“མི་དམངས་ཡིད་ཚིམས་པའི་གཞུང་ཞབས་པའི་ཐུན་མོང”གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་བསྡུས་ཤིང་། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའམ་རིམ་པ་དང་པོའི་ཀྲུའུ་རིན་ཁོ་ཡོན་ཀྲང་ཅིན་བུན་ཡང་རྒྱལ་ཡོངས“མི་དམངས་ཀྱི་ཡིད་ཚིམས་པའི་གཞུང་ཞབས་པར”བདམས་པ་རེད།
        ཀྲང་ཅིན་བུན། ཕོ། ཧོར་རིགས། ཀྲུང་གུང་ཏང་ཡོན། 1982ལོའི་ཟླ7པར་སྐྱེས་ཤིང་། སློབ་ཆེན་བསླབ་གནས་ཡིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའམ་རིམ་པ་དང་པོའི་ཀྲུའུ་རིན་ཁོ་ཡོན་གྱི་འགན་ཁུར་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་འདོད་བློ་དང་བསྟུན་ནས་བྱ་བར་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་ཡོད་ཚད་ཕྲག་ཏུ་བླངས་ནས་མདུན་དུ་བསྐྱོད་བཞིན་ཡོད། དོན་དངོས་དང་ལག་ལེན་ངོ་མའི་སྟེང་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཕྱོགས་སུ་གྲུབ་འབྲས་ཆེན་པོ་བཞག་སྟེ། རྒྱ་ཆེའི་མང་ཚོགས་ཀྱིས་བསྔགས་བརྗོད་ཆེན་པོ་གནང་ཡོད། 2020ལོའི་ཟླ12བར། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས“རྒྱལ་ཡོངས་ངེས་གཏན་འབག་བཙོག་ཁུངས་འདོན་ཆོག་དབང་ཡོངས་ཁྱབ་ཕུལ་བྱུང་མི་སྒེར་ལས་བཟོ་བར”བདམས།
འབྲེལ་ཡོད་འོས་སྦྱོར།