logo

ཆུ་ལོག་དང་འདམ་རྡོའི་ཆུ་རུད་འབྱུང་བར་སྔ་ལྟས་གང་དག་ཡོད།

རྩོམ་པ་པོ།: ཡོང་ཁུངས།:ཨ་མདོ་བརྙན་འཕྲིན། དུས་ཚོད།:2022-09-05 ཀློག་གྲངས།:
༡ རི་ངོས་དང་ཐག་ཉེ་སར་རྒྱུ་རྐྱེན་གང་ཡིན་མི་ཤེས་པའི་གནས་ཚུལ་འོག་ས་ཆད་པ་དང་རི་ཉིལ་བའི་སྣང་ཚུལ་ཡོད་པ།
༢ ཆར་བ་འབབ་ཚད་ཧ་ཅང་ཆེ་དུས་སྟོད་རྒྱུད་ཀྱི་ཆུ་བྲུག་ནས་གྲམ་གཞུང་དག་ཏུ་རྒྱུན་ལྡན་མིན་པའི་ཆུ་ལོག་རྒྱས་པ།
༣ རི་ངོས་ཀྱི་ལྗོན་ཤིང་གི་རྩད་པ་ལ་ཚག་སྒྲ་གྲག་པ་དང་རི་ངོས་ནས་རྒྱུན་ལྡན་མིན་པའི་སྒྲ་གྲག་པ།
༤ ཆུ་བོའི་སྟོད་རྒྱུད་ཀྱི་ཆུ་ཁེགས་ནས་སྨད་ཀྱི་གྲམ་གཞུང་གི་ཆུ་གློ་བུར་ཇེ་ཉུང་དུ་འགྲོ་བ།
༥ གྲམ་གཞུང་གི་ཆུ་གློ་བུར་དུ་ཆུ་རྙོག་ཏུ་འགྱུར་བ།
༦ གྲམ་གཞུང་གི་ཆུ་གློ་བུར་དུ་ཇེ་ཆེར་སོང་བ་བསྟུན་ནས་རྒྱུན་ལྡན་མིན་པའི་ལྡིར་སྒྲ་ཆེན་པོ་གྲག་འོང་ན། དེ་ནི་འདམ་རྡོའི་ཆུ་རུད་ཁྲོད་ཀྱི་ཕ་བོང་ཆེན་པོ་ཕན་ཚུན་བརྡབ་པ་ལས་ཐོན་པའི་སྒྲ་ཡིན།
༧ སྟོད་རྒྱུད་དུ་རི་ཉིལ་བ་དང་ས་ཆད་པའི་གནས་ཚུལ་ཚབས་ཆེན་བྱུང་ན་རྒྱུན་ལྡན་མིན་པའི་དྲི་ངན་འཐུལ་བའི་སྣང་ཚུལ་ཡོད།
༨ རི་ཉིལ་བ་དང་ས་གས་པ། ཤིང་སྡོང་ཆད་པ་ལྟ་བུའི་རྒྱུན་ལྡན་མིན་པའི་རང་བྱུང་གི་སྒྲ་གྲག་པ།
༩ མི་རྣམས་ཀྱིས་རྒྱུན་ལྡན་མིན་པའི་སྣང་ཚུལ་ཚོར་མེད་དུས་སྲོག་ཆགས་རྣམས་ཀྱིས་རྒྱུན་ལྡན་མིན་པའི་སྤྱོད་ཚུལ་སྟོན་པ་སྟེ། དཔེར་ན་བྱི་ལས་སྐད་ཆེན་པོས་ངུ་འབོད་དང་འོ་དོད་བྱེད་པ་ལྟ་བུ།
        གོང་གི་སྣང་ཚུལ་དེ་དག་ནི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་འབྱུང་བའི་སྔ་ལྟས་ཡིན་ཅིང་། སྣང་ཚུལ་དང་སྔ་ལྟས་དེ་དག་ཆར་བ་འབབ་ཚད་དང་འབྲེལ་བ་དམ་ཟབ་ཡོད་པས། ཆར་བ་འབབ་ཚད་ཧ་ཅང་ཆེ་བའི་དུས་སུ་གོང་གི་སྣང་ཚུལ་དང་སྔ་ལྟས་དེ་དག་ཡོད་མིན་ལ་མཉམ་འཇོག་གང་ལེགས་བྱས་ནས། ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་ཉེན་ཁ་དང་གནོད་འཚེ་འབྱུང་བར་དོགས་ཟོན་ནན་མོ་བྱ་རྒྱུ་གལ་ཆེ།
འབྲེལ་ཡོད་འོས་སྦྱོར།