logo

ཆུ་ལོག་ཐོན་པའི་སྐབས་སུ་ཇི་ལྟར་གནས་སྤོ་བྱ་དགོས།

རྩོམ་པ་པོ།: ཡོང་ཁུངས།:ཨ་མདོ་བརྙན་འཕྲིན། དུས་ཚོད།:2022-09-06 ཀློག་གྲངས།:
        ༡ ཆར་ཤ་ཧ་ཅང་མོད་པའི་དུས་སུ། ཆུ་ལོག་གི་ཉེན་ཁ་ཡོད་པའི་གནས་སུ་ཁྱིམ་གཞིས་བཅོས་ཡོད་པའི་སྡེ་མི་རྣམས་ཀྱིས་བདེ་འཇགས་ངང་གནས་སྤོ་བྱེད་པར་གྲ་སྒྲིག་ལེགས་པོ་བྱས་ཏེ། ངེས་པར་ཏུ་མཁོ་བའི་དངོས་རྗས་རྣམས(དཔེར་ན་ལག་སྒྲོན་དང་། ལག་སྒམ། རྒྱབ་ཁུག་སོགས་ལྟ་བུ།)གྲ་སྒྲིག་གང་ལེགས་བྱས་ནས་འདུག་དགོས།
        ༢ སྡེ་མི་རྣམས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་ཉེན་ཁའི་བརྡ་རྟགས་དང་གནས་སྤོ་ལམ་ཐིག་ལ་རྒྱུས་ལོན་གསལ་བོ་ཡོད་དགོས། ཉེན་ཁའི་བརྡ་རྟགས་འབྱོར་མ་ཐག ངེས་པར་དུ་གནས་སྤོ་འགན་འཁུར་མི་སྣའི་རྩ་འཛུགས་དང་བཀོད་འདོམས་འོག སྔར་ནས་གཏན་ཁེལ་བྱས་ཡོད་པའི་གནས་སྤོ་ལམ་ཐིག་བརྒྱུད་ནས་གོ་རིམ་ལྡན་པའི་ངང་མྱུར་དུ་གནས་སྤོ་བྱ་དགོས་ལ། གཅིག་གྱུར་བཀོད་འདོམས་དང་བདེ་འཇགས་ཨང་དང་པོར་འཇོག་དགོས།
        ༣ གནས་སྤོ་འགན་འཁུར་པས་སྔོན་ལ་མི་དང་དེ་ནས་རྒྱུ་ནོར། སྔོན་ལ་རྒན་པ་དང་བྱིས་པ། ནད་པ་སོགས་དང་། དེ་ནས་སྤྱིར་བཏང་གི་མི་རྣམས་གནས་སྤོ་བྱེད་པའི་རྩ་དོན་ལྟར་གནས་སྤོ་རྩ་འཛུགས་བྱ་དགོས་ཤིང་། གནས་སྤོ་ཡི་བཀོད་སྒྲིག་དང་རྩ་འཛུགས་ཀྱི་ཁ་ལ་མི་ཉན་མཁན་ཡོད་ན་བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་པའི་དབང་ཆ་ཡོད། གནས་སྤོ་འགན་འཁུར་བ་མི་ཚང་མ་བདེ་འཇགས་ཀྱི་ས་ལ་གནས་སྤོ་བྱས་ཚར་རྗེས་ཆེས་མཐའ་མཇུག་གནས་སྤོ་བྱ་དགོས།
འབྲེལ་ཡོད་འོས་སྦྱོར།