རང་ཁུལ་གྱི་སློབ་ཆེན་སློབ་མ་ཞིང་ཆེན་ཕྱི་རུ་བསྐྱོད་པར་འགན་སྲུང་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།
རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-09-09
ཀློག་གྲངས།:
2022ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་ལ་ཉེ་བའི་དུས་འདིར། ནུས་ཤུགས་ཡོད་རྒུས་མཚོ་ལྷོ་ཁུལ་གྱིས་གསར་ཞུགས་སློབ་མ་དང་སློབ་ཞུགས་བྱས་ཟིན་པའི་སློབ་ཆེན་སློབ་མ་རྣམས་ཞིང་ཆེན་ཕྱི་རོལ་ཏུ་བསྐྱོད་པར(ཕྱིར་ལོག)ཐོ་འགོད་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་དང་ཁུལ་ཡོངས། རྫོང་ཁག་བཅས་ཀྱི་རིམས་ནད་སྔོན་འགོག་གི་གནས་བབ་ལ་གཞིགས་བྱས་ནས། སློབ་མ་ཚོ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་དང་མཐུན་པའི་རྨང་གཞིའི་ཐོག“ཕྱིར་ལོག་ཐུབ་པ་དང་ཕྱིར་ལོག་འདོད་པ། གོ་རིམ་ལྡན་པའི་ངང་ཕ་ཡུལ་དང་བྲལ་བ། བདེ་འཇགས་ངང་སློབ་གྲྭར་འབྱོར་བ”བཅས་ཀྱི་ཐད་ནས་འགན་ལེན་བྱ་རྒྱུ་དང་། ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུས་ཞིབ་འཇུག་བྱས་པ་བརྒྱུད། དེ་རིང་ནས་བཟུང་རྫོང་རིམ་པ་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་གནས་གཏན་འཁེལ་དང་དུས་བཅད། ལམ་ཐིག་གཏན་འཁེལ་བཅས་ཀྱི་སྒོ་ནས་ཕྱིར་བསྐྱོད་དགོས་པའི་སློབ་ཆེན་སློབ་མ་ཟི་ལིང་མེ་འཁོར་ས་ཚུགས་སམ་ཡང་ན་ཟི་ལིང་གནམ་གྲུ་ཐང་དུ་སྐྱེལ་རྒྱུར་གཏན་འཁེལ་བྱས་ཡོད་པས་འབྲེལ་ཡོད་ཀྱི་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
དང་པོ། བགྲོད་སྐྱོད་ཀྱི་བླང་བྱ།
གཅིག ཞིང་ཆེན་ཕྱི་རུ་ལོག་པའི་སློབ་མས་ངེས་པར་དུ་ཉིན་གཅིག་གི་སྔོན་གྱི་ཆུ་ཚོད12:00སྟེང«2022ལོའི་མཚོ་ལྷོ་ཁུལ་གྱི་སློབ་མ་རང་ཡུལ་དང་བྲལ་ནས་ཞིང་ཆེན་ཕྱིའི་སློབ་གྲྭར་ལོག་པའི་རེ་ཞུའི་རེའུ་མིག»སྐོང་ནས་རུས་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། སློབ་བསྡུའི་བརྡ་ཐོའམ་སློབ་མའི་ལག་ཁྱེར། ཕྱི་རུ་བསྐྱོད་པའི་ས་གནས་དང་དུས་ཚོད། འགྲིམ་འགྲུལ་ཡོ་བྱད། དམིགས་ས་སོགས་ཀྱི་ཆ་འཕྲིན་ཇི་མ་ཇི་བཞིན་འགོད་དགོས། ཕྱིར་སྐྱོད་སློབ་མ་དང་ཁྱིམ་བདག་བགྲོད་སྐྱོད་བྱེད་སྐབས་ངེས་པར་དུ་ཆུ་ཚོད24ཡི་ནང་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་སྲིབ་གཤིས་གྱིཡིན་པའི་དཔང་ཡིག་མཁོ་འདོན་བྱ་དགོས། བགྲོད་སྐྱོད་ནི་ངེས་པར་དུ་ཉིན་དེའི་མེ་འཁོར་དང་གནམ་གྲུ་ཡིན་དགོས། རྫུན་བཟོའམ་ཡང་ན་ཚུལ་མིན་གྱི་བྱེད་ཐབས་ལ་བརྟེན་ནས་ཆ་འཕྲིན་ཐོ་འགོད་བྱེད་མཁན་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་མོ་གཏོང་དགོས།
གཉིས། ཞིང་ཆེན་ཕྱི་རོལ་དུ་བསྐྱོད་མཁན་གྱི་སློབ་ཆེན་སློབ་མ་ཁྱིམ་བདག་གིས་སྐྱེལ་དགོས་ཚེ་ངེས་པར་དུ«ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཁས་ལེན་ཡི་གེ»ལ་མིང་རྟགས་འགོད་དགོས་པ་དང་། ད་ལོའི་མཐར་ཕྱིན་སློབ་མ་ཡིན་ཚེ་ཁྱིམ་བདག་གཅིག་གིས་མ་གཏོགས་སྐྱེལ་མི་ཆོག་ལ། སྐབས་གོང་མའི་སློབ་མ་ལ་རྩ་དོན་ཐོག་ཁྱིམ་བདག་གིས་འགྲོ་རོགས་བྱས་མི་ཆོག། དམིགས་སར་སླེབས་རྗེས་ཕྱིར་རང་ཁུལ་ལ་ལོག་དགོས་པའི་ཁྱིམ་བདག་གིས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ནན་མོ་བྱ་དགོས། ཉེན་ཁ་ཆེ་འབྲིང་ཅན་གྱི་ས་ཁུལ་དུ་བགྲོད་སྐྱོད་བྱེད་མཁན་གནས་སྐབས་སུ་ཕྱིར་རྫོང་ལ་ལོག་རྒྱུ་ཕྱིར་འགྱངས་བྱེད་དགོས། ཉིན་བདུན་གྱི་ནང་ཚུན་དུ་ཁྱབ་ཁོངས་ངེས་ཅན་གྱི་སྡེ་ཁུལ་དུ་ཁྱབ་སྤེལ་གཏོང་བའམ་ཡང་ན་ཁྱབ་ཁོངས་ཆེན་པོའི་སྡེ་ཁུལ་གྱི་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཟིན་པའི་རྫོང་དང་སྡོད་ཁུལ་གྱི་གནས་སྡོད་ལོ་རྒྱུས་ཡོད་པའི་ཕྱིར་ལོག་པའི་མི་སྣ་ཉིན་བདུན་གྱི་རིང་ལ་གཅིག་སྡུད་ཀྱིས་ལོགས་བཀར་བྱ་དགོས། ཉེན་ཁ་ཆུང་བའི་ས་ཁུལ་དང་རིམས་ནད་མེད་པའི་རྫོང་དུ་ཕྱིར་ལོག་པའི་མི་སྣས“མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དོ་དམ་སྤྱི་སྟེགས”བརྒྱུད་ནས་སྙན་སེང་ཞུས་ཏེ་ཞིབ་བཤེར་བྱེད་དགོས་པ་དང་། “ཨང་རྟགས་གཉིས”དང་ཆུ་ཚོད24ཡི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པ་ར་སྤྲོད་བྱས་རྗེས་རྫོང་ཁོངས་སུ་སོང་ཆོག། ཤང་གྲོང་དང་སྡེ་ཁུལ། གྲོང་ཚོ་བཅས་ཀྱིས་འབྲེལ་ཡོད་དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
གསུམ། རང་ཉིད་ཀྱི་གནས་ཚུལ་ཡར་སྤྲོད་བྱས་རྗེས་རང་ཉིད་བསྡད་པའི་གནམ་གྲུའམ་ཡང་ན་མེ་འཁོར་གྱི་ཆ་འཕྲིན་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱས་ནས་རིམས་ནད་ཀྱི་རྐྱེན་གྱིས་མེ་འཁོར་དང་དུས་གཏན་གནམ་གྲུ་བསྣུར་འགྱངས་སམ་ཡང་ན་མེད་པ་བཟོས་པ་ཡིན་ཚེ་དུས་ཐོག་ཏུ་ཆེད་མངགས་འཛིན་གྲྭར་ཁ་པར་བརྒྱབ་སྟེ་འགྲུལ་སྐྱེལ་རླངས་འཁོར་གྱི་སྡོད་གནས་མེད་པ་བཟོ་དགོས། དེ་དང་ཆབས་ཅིག་བགྲོད་སྐྱོད་བྱེད་མཁན་སློབ་མས་ཁ་པར་ཤར་གཏོང་ཐུབ་པ་བྱས་ནས་ལས་དོན་མི་སྣར་འབྲེལ་གཏུག་བྱེད་བདེ་བོ་ཡོང་བ་བྱ་དགོས།
བཞི། ཆ་རྐྱེན་དང་མཐུན་པའི་བགྲོད་སྐྱོད་མི་སྣས་དམིགས་ས་ནས་ཕྱིར་ལོག་བྱེད་པའི་ཞིབ་ཕྲའི་བླང་བྱ་ཤེས་རྟོགས་བྱས་ཏེ་རང་འགུལ་ངང་ཐོ་འགོད་བྱ་དགོས། དམིགས་སར་འབྱོར་རྗེས་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལ་བརྩི་སྲུང་ནན་མོ་བྱས་ནས་བདེ་ཐང་ལྟ་ཞིབ་ཚད་ལེན་དང་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་ལག་བསྟར་བྱ་དགོས།
གཉིས། སྐྱེལ་འདྲེན་བྱེད་སྟངས།
རླངས་འཁོར་གཏོང་ས་ནི་རྫོང་ཁག་སོ་སོའི་འགྲུལ་སྐྱེལ་ས་ཚིགས་ཡིན་ལ། གནས་སྐབས་རླངས་འཁོར་གཏོང་བའི་དུས་ཚོད་ནི་ཐེངས་རེར་ཞོགས་པའི་ཆུ་ཚོད7དང་སྐར་མ30སྟེང་རླངས་འཁོར་གཏོང་གིན་ཡོད་པས(རྫོང་ཁག་གིས་སློབ་མས་བགྲོད་སྐྱོད་ཀྱི་དོན་དངོས་ལ་གཞིགས་ནས་རང་འགུལ་ངང་ལེགས་སྒྲིག་བྱ་དགོས།) བགྲོད་སྐྱོད་སློབ་མས་སྤ་སེ་ཉོ་སྐབས་ལུགས་དང་མཐུན་པའི་སྒོ་ནས་བགྲོད་སྐྱོད་ཀྱི་དུས་ཚོད་འདེམས་དགོས་པ་དང་བགྲོད་སྐྱོད་བྱེད་ཐེངས་ཚང་མ་གཏན་འཁེལ་བྱས་ནས་ཟི་ལིང་མེ་འཁོར་ས་ཚུགས་སམ་ཡང་ན་གནམ་གྲུ་ཐང་དུ་ཤར་གཏོང་ཐུབ་པ་བྱེད་དགོས་པ་དང་། ལམ་བར་ནས་རླངས་འཁོར་མི་འདུག་པ་དང་འགྲུལ་བ་རླངས་འཁོར་ལས་ཕྱིར་སྐྱོད་མི་བྱེད་པ། ཁ་ལོ་བ་ཕུད་པའི་བགྲོད་སྐྱོད་བྱེད་མཁན་ཚང་མ་རླངས་འཁོར་དང་མཉམ་དུ་གང་འདོད་དུ་ཕྱིར་སྐྱོད་མི་ཆོག སྔོན་མངགས་ཐོ་འགོད་བྱས་པའི་བགྲོད་སྐྱོད་མི་གྲངས་ལ་གཞིགས་ནས་རྫོང་རིམ་པ་ཁག་གི་འགྲིམ་འགྲུལ་ལས་ཁུངས་ཀྱིས་ལམ་ཐིག་གཏན་འཁེལ་གྱི་འགྲུལ་སྐྱེལ་རླངས་འཁོར་རམ་ཡང་ན་གླ་གཏོང་རླངས་འཁོར་བཀོད་སྒྲིག་བྱས་ནས་སྐྱེལ་འདྲེན་བྱེད་དགོས། ལམ་བར་གྱི་འགྲོ་སོང་མི་རང་ཉིད་ཀྱིས་འགན་འཁུར་དགོས།
གསུམ། འདྲི་རྟོག་ཁ་པར།
གུང་ཧོ་རྫོང་སློབ་གསོ་རྒྱུགས་ལེན་ཞབས་ཞུ་ལྟེ་གནས། ཏུང་ཨའོ། 13909740971
ཁྲི་ཀ་རྫོང་སློབ་གསོ་རྒྱུགས་ལེན་ཞབས་ཞུ་ལྟེ་གནས། དཔལ་ཆེན་རྒྱལ། 13997449196
ཀོས་ནན་རྫོང་སློབ་གསོ་རྒྱུགས་ལེན་ཞབས་ཞུ་ལྟེ་གནས། ཉི་མ་ཚེ་རིང་། 13639742515
ཐུན་ཏེ་རྫོང་སློབ་གསོ་རྒྱུགས་ལེན་ཞབས་ཞུ་ལྟེ་གནས། འབྲུག་རྒྱལ། 13139147271
ཞིན་ཧེ་རྫོང་སློབ་གསོ་རྒྱུགས་ལེན་ཞབས་ཞུ་ལྟེ་གནས། ཁོན་ཐར་རྒྱལ། 13897343500

1. 2022ལོའི་མཚོ་ལྷོ་ཁུལ་གྱི་སློབ་ཆེན་པ་ཞིང་ཆེན་ཕྱིའི་སློབ་གྲྭར་ལོག་པའི་རེ་ཞུ་རེའུ་མིག

2. མཚོ་སྔོན་ཞིང་ཆེན་རིམས་འགོག་ཚོད་འཛིན་དོ་དམ་སྤྱི་སྟེགས།

འབྲེལ་ཡོད་འོས་སྦྱོར།