logo

མཚོ་ལྷོ་ཁུལ་གྱི་ཅང་ཉིང་འཛིན་གྲྭའི་སློབ་མ་བདེ་བླག་ངང་ཕྱིར་སློབ་གྲྭར་ལོག

རྩོམ་པ་པོ།:མཚོ་ལྷོ་ཚགས་པར། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-09-23 ཀློག་གྲངས།:
        ཉེ་སྔོན། ནད་ཡམས་ཀྱི་དབང་གིས་མཚོ་སྔོན་ཟི་ལིང་ནས་ཅང་སུའུ་ནན་ཅིང་བར་དུ་མེ་འཁོར་ཤར་གཏོང་བྱེད་མ་ཐུབ་པས། སློབ་མ་དག་སློབ་གྲྭར་ཕྱིར་ལོག་པར་ཤུགས་རྐྱེན་ཐེབས་ཡོད་པར་བརྟེན། ཤར་ཕྱོགས་མཁའ་འགྲུལ་ཅང་སུའུ་ཀུང་སིའི་ཁྲོམ་རའི་ཕྱིར་ཚོང་པུའུ་ཡི་མཐུན་སྦྱོར་ཐོབ་པ་བརྒྱུད། ཅང་ཉིང་མཐོ་རིམ་སློབ་འབྲིང་གི“མཚོ་ལྷོའི་མི་རིགས་འཛིན་གྲྭའི”དགེ་སློབ167གྱིས་ཟི་ལིང་ནས་ནན་ཅིང་བར་གྱི་ཐད་གཏོང་གནམ་གྲུའི་སྤ་སེ་མཉམ་དུ་ཉོས་ནས་དགེ་སློབ་དག་བདེ་བླག་ངང་སློབ་གྲྭར་ཕྱིར་ལོག་ཐུབ་པར་འགན་ལེན་བྱས་པ་རེད། མིག་སྔར་རང་ཁུལ་གྱི་དགེ་སློབ167ནན་ཅིང་དུ་འབྱོར་ནས་ཉིན་བདུན་རིང་ལོགས་བཀར་བྱས་རྗེས་སློབ་གྲྭར་ཕྱིར་ལོག་བྱས་ནས་སློབ་ཁྲིད་སླར་གསོ་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།