༄༅། །མཚོ་ནུབ་ཁུལ་གྱི་སེ་འབྲུ་གློག་བརྙན་འཕྲིན་རིག་གནས་སྨྱན་སྦྱོར་ལས་སྒྲུབ་ཁང་ཐོག་མའི་སྒོ་བྱང་བཀལ།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-12-07
ཀློག་གྲངས།:
ཉེ་ཆར། མཚོ་ནུབ་ཁུལ་གྱི་སེ་འབྲུ་གློག་བརྙན་འཕྲིན་རིག་གནས་སྨྱན་སྦྱོར་ལས་སྒྲུབ་ཁང་ཐོག་མའི་སྒོ་བྱང་གི་ཡོལ་བ་མཚོ་ནུབ་ཁུལ་སྨྱན་སྦྱོར་ལྟེ་གནས་སུ་ཕྱེ།

མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡཱ་པང་དང་། མཚོ་ནུབ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཆིས་ཀྲུང་གིས་སེ་འབྲུ་གློག་བརྙན་འཕྲིན་ལས་སྒྲུབ་ཁང་གི་ཡོལ་བ་ཕྱེ།

ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་ཟབ་མོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཕན་ནུས་ལྡན་པར་སྐུལ་འདེད་གཏོང་ཆེད། མཚོ་ནུབ་ཁུལ་ཨུའི་རྩ་འཛུགས་པུའུ་དང་། ཀྲུང་གུང་མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ། མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཛུབ་སྟོན་འོག མཚོ་ནུབ་ཁུལ་གྱི་སེ་འབྲུ་གློག་བརྙན་འཕྲིན་རིག་གནས་སྨྱན་སྦྱོར་ལས་སྒྲུབ་ཁང་ཐོག་མའི་སྒོ་བྱང་བཀལ། ལས་སྒྲུབ་ཁང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བའི་འཐབ་ལམ་གསར་བ་ཧུར་ཐག་སྒོས་གསར་སྤེལ་བྱས།

སེ་འབྲུ་གློག་བརྙན་འཕྲིན་ལས་སྒྲུབ་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བཞེངས་སྐྲུན་བྱེད་རྒྱུ་གཙོ་བོར་དམིགས་ཏེ། མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་གློག་བརྙན་འཕྲིན་གྱི་བརྩམས་ཆོས་གསར་རྩོམ་ལ་འབད་རྒྱུ་ཡིན་ཞིང་། མཉམ་འདུག་བཞི་དང་མོས་མཐུན་ལྔ་བཅས་ལ་རྩེ་གཅིག་ཏུ་དམིགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་ཏན་ཏིག་དང་ཞིབ་ཚགས་སྒོས་བསྒྲུབ་ཏེ། སེ་འབྲུ་གློག་བརྙན་འཕྲིན་ལས་སྒྲུབ་ཁང་ནི་ཏང་གི་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་སྒྲོག་ས་ཚུགས། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གླེང་ས། མི་རིགས་རིག་གནས་ཁྱབ་སྤེལ་བྱེད་ས། མི་རིགས་མཐུན་སྒྲིལ་དང་མི་རིགས་རིག་གནས་མཉམ་འདྲེས་མཉམ་སྤྱོད་དང་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས།
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།