མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་ལོ་རྒྱུས་ཀྱི་པར་རིས་དང་བརྙན་རིས་བསྡུ་ཉར་བྱ་བའི་སྐོར་གྱི་བརྡ་ཁྱབ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-12-08
ཀློག་གྲངས།:
ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ།
མཚོ་ལྷོ་ཁུལ་བཅིངས་འགྲོལ་བྱས་ཚུན་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱིས་མཚོ་ལྷོ་མི་དམངས་ལ་རྩ་ཆེ་བའི་ལོ་རྒྱུས་ཀྱི་བདེན་དཔང་དང་བསམ་པའི་རྒྱུ་ནོར་དཔག་ཏུ་མེད་པ་ཞིག་བཞག་ཡོད་དེ། འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བདེན་པ་དེ་དག་ལེགས་པར་མངོན་ཆེད། རང་ཁུལ་གྱིས2023ལོར«ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་པར་རིས་ལོ་རྒྱུས»ཞེས་པ་རྩོམ་སྒྲིག་བྱས་ནས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་ལེགས་སྐྱེས་སུ་འབུལ་རྩིས་ཡོད་ཕྱིན། ཁུལ་ཡོངས་ལ་ཁ་ཕྱོགས་ནས་མཚོ་ལྷོའི་སྲིད་དབང་བཙུགས་ཚུན་གྱི་པར་རིས་དང་བརྙན་རིས་སྣ་ཚོགས་བསྡུ་འཆར་ཡོད་ལ། འབྲེལ་ཡོད་ཀྱི་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
གཅིག བསྡུ་ཉར་དུས་ཚོད།
2022ལོའི་ཟླ12པའི་ཚེས1ནས2023ལོའི་ཟླ5བའི་ཚེས31ཉིན་བར།
གཉིས། བསྡུ་ཉར་ནང་དོན།
1. མཚོ་ལྷོ་ཁུལ་སྲིད་དབང་བཙུགས་ཚུན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ནས་ལེགས་པར་མངོན་པའི་བྱ་བཞག་གལ་ཆེན་དང་གྲོས་ཚོགས་གལ་ཆེན། མི་སྣ་གལ་ཆེན་གྱི་པར་རིས་དང་བརྙན་རིས་སོགས་འདུ་བའི་དཔྱད་ཡིག
2. མཚོ་ལྷོ་ཁུལ་སྲིད་དབང་བཙུགས་ཚུན་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན། དེ་མིན་ཚན་རྩལ་དང་སློབ་གསོ། འཕྲོད་བསྟེན། ལུས་རྩལ། ཆོས་ལུགས་སོགས་ཀྱི་འཕེལ་རྒྱས་ཐད་ནས་ལེགས་པར་མངོན་པའི་པར་རིས་དང་བརྙན་རིས་སོགས་འདུ་བའི་དཔྱད་ཡིག
3. མཚོ་ལྷོ་ཁུལ་སྲིད་དབང་བཙུགས་ཚུན་གྱི་སྤྱི་ཚོགས་འཕེལ་རྒྱས་དང་དམངས་སྲོལ་རིག་གནས། རིག་གནས་སྒྱུ་རྩལ་སོགས་ཀྱི་འཕེལ་རྒྱས་ཐད་ནས་ལེགས་པར་མངོན་པའི་པར་རིས་དང་བརྙན་རིས་སོགས་འདུ་བའི་དཔྱད་ཡིག
4. ལས་འཁྱུར་ངལ་གསོ་བྱས་པའི་རྒན་གྲས་དང་གསར་བརྗེ་བ་རྒན་གྲས་ཀྱིས་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐབས་ཀྱི་པར་རིས་དང་བརྙན་རིས་སོགས་འདུ་བའི་དཔྱད་ཡིག
5. གཞན་འབྲེལ་ཡོད་ཀྱི་རིན་ཐང་ལྡན་པའི་པར་རིས་དང་བརྙན་རིས་སོགས་འདུ་བའི་དཔྱད་ཡིག
གསུམ། བསྡུ་ཉར་ཆ་རྐྱེན།
1. བསྡུ་ཉར་བྱ་བའི་པར་རིས་དང་བརྙན་རིས་ཡིན་ཕྱིན་དུས་རབས་ཀྱི་རང་བཞིན་དང་དཔེ་མཚོན་གྱི་རང་བཞིན་མངོན་གསལ་དོད་པོ་ཡིན་དགོས་པར་མ་ཟད། ལོ་རྒྱུས་ཀྱི་དུས་ཚོད་ཟིན་ཐོར་བཀོད་ཡོད་པ་དང་དུས་རབས་ཀྱི་ཆ་འཕྲིན་བརྒྱུད་སྒྲོག་བྱས་ཡོད་པ་ཡིན་དགོས།
2. བསྡུ་ཉར་བྱ་བའི་པར་རིས་དང་བརྙན་རིས་ཀྱི་རྒྱུ་ཆ་ལ་གསལ་བཤད་མདོར་བསྡུས་ཤིག་འབྲི་དགོས་པ་དང་དེ་ནི་མཚོན་བྱེད་རང་བཞིན་དང་དཔེ་མཚོན་རང་བཞིན། ཡང་ན་ཤུགས་རྐྱེན་ཆེ་བའི་མི་སྣ་ཡིན་དགོས། དོན་རྐྱེན་ཁག་ཡིན་ཚེ་ནང་དོན་ལ་གཞིགས་ནས་སྔོག་འདོན་དང་ལོགས་སུ་གསལ་བཤད་རྩོམ་སྦྱར་བྱས་ཆོག པར་རིས་དང་བརྙན་རིས་བཀོལ་སྤྱོད་བྱས་རྗེས། རྩོམ་ཡོན་སྟེར་བ།(དཔྱད་ཡིག་འདྲ་མཚུངས་ཡིན་ཚེ་དཔྱད་ཡིག་སྐུར་བའི་དུས་ཚོད་ཀྱི་སྔ་གཞུག་ལྟར་མི་དང་པོར་རྩོམ་ཡོན་སྟེར་ངེས།)
འབྲེལ་གཏུག་བྱེད་ས། ཡུ་ཐེན་པུན།
འབྲེལ་གཏུག་ཨང་གྲངས། 0974-8517572 13734647776
ཡིག་ཟམ། 345518812@qq.com

མཚོ་ལྷོ་ཁུལ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་།(ས་གནས་ལོ་རྒྱུས་གཞུང་སྒྲུབ་ཁང་།)
2022ལོའི་ཟླ11པའི་ཚེས29ཉིན།
2022ལོའི་ཟླ11པའི་ཚེས29ཉིན།
འབྲེལ་ཡོད་འོས་སྦྱོར།