“མཚོ་སྔོན་གྱི་ཡིད་རྟོན་བདེ་ཐང་ཨང་རིས”ལ་འགྱུར་ལྡོག་གསར་བ་བྱུང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2022-12-15
ཀློག་གྲངས།:
“མཚོ་སྔོན་གྱི་ཡིད་རྟོན་བདེ་ཐང་ཨང་རིས”ལ་ཡང་འགྱུར་ལྡོག་གསར་བ་བྱུང་ནས“འགྲུལ་བསྐྱོད་ལམ་ཐིག་བྱང་བུའི”སྦྲེལ་མཐུད་མེད་པར་བཟོས་པ་དང་། “ས་གནས་སུ་ཐོན་རྗེས་ཉིང་སྐྱུར་བརྟག་དཔྱད”ཀྱི་དྲན་སྐུལ་སྒེའུ་ཁུང་མེད་པར་བཟོས་ཏེ་ས་ཁོངས་བརྒལ་ནས་འགྲོ་འོང་གི་ཉིང་སྐྱུར་ཞིབ་བཤེར་དང་། བདེ་ཐང་ཨང་རིས་དང་ས་གནས་སུ་ཐོན་རྗེས་ཀྱི་ཉིང་སྐྱུར་བརྟག་དཔྱད་བཅས་ཀྱི་བླང་བྱ་མེད་པར་བཟོས།

དང་པོ། “འགྲུལ་བསྐྱོད་ལམ་ཐིག་བྱང་བུའི”སྦྲེལ་མཐུད་མེད་པར་བཟོས།
ཟླ12པའི་ཚེས13ཉིན་གྱི་ཆུ་ཚོད0ནས་བཟུང། “འགྲུལ་བསྐྱོད་ལམ་ཐིག་ཨང་རིས”དངོས་སུ་སྤྱོད་མཚམས་བཞག འཕྲིན་ཐུང་དང་དྲ་ངོས། སྐད་འཕྲིན་གྱི་བྱ་རིམ་ཆུང་བ། དངུལ་སྤྲོད་ཀྱི་བྱ་རིམ་ཆུང་བ། APPསོགས་ཀྱི་འཚོལ་ཞིབ་ཐབས་ལམ་དུས་གཅིག་ཏུ་སྤྱོད་མཚམས་བཞག “མཚོ་སྔོན་གྱི་ཡིད་རྟོན་བདེ་ཐང་ཨང་རིས”མགྱོགས་མྱུར་ལག་བསྟར་བྱས་ནས“འགྲུལ་བསྐྱོད་ལམ་ཐིག་བྱང་བུའི”འབྲེལ་ཡོད་སྦྲེལ་མཐུད་དུས་ཐོག་ཏུ་མེད་པར་བཟོས་ནས་བྱ་རིམ་ཆུང་བའི་བརྒྱུད་རིམ་འོས་འཚམ་ངང་ཇེ་ལེགས་སུ་བཏང་ཡོད།

གཉིས་པ། “ས་གནས་སུ་ཐོན་རྗེས་ཉིང་སྐྱུར་བརྟག་དཔྱད”ཀྱི་དྲན་སྐུལ་སྒེའུ་ཁུང་མེད་པར་བཟོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་སྒྲིག་གཞིའི་ཕྱོགས་བསྡུས་ཚོ་ཆུང་གིས་ཁྱབ་བསྒྲགས་བྱས་པའི«སྔར་ལས་ལྷག་པའི་སྒོ་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་ཐབས་ལེགས་བསྒྱུར་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ»དང་། མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་པར་འགྲེམས་བྱས་པའི«སྔར་ལས་ལྷག་པའི་སྒོ་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་ཐབས་ལེགས་བསྒྱུར་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར»གཞིར་བཟུང་སྟེ། “མཚོ་སྔོན་གྱི་ཡིད་རྟོན་བདེ་ཐང་ཨང་རིས”དུས་ཐོག་ཏུ་སྒྲིག་སྲོལ་ལྟར“ས་ཚིགས་གཉིས་དང་ཡུལ་གནས་གཅིག”སོགས་ཡུལ་གནས་གཙོ་བོའི་ས་གནས་སུ་ཐོན་རྗེས་ཀྱི་ཉིང་སྐྱུར་བརྟག་དཔྱད་སྒེའུ་ཁུང་སོགས་མེད་པར་བཟོས།

གསུམ་པ། ས་ཁོངས་བརྒལ་ནས་འགྲོ་འོང་གི་ཉིང་སྐྱུར་ཞིབ་བཤེར་དང་། བདེ་ཐང་ཨང་རིས་དང་ས་གནས་སུ་ཐོན་རྗེས་ཀྱི་ཉིང་སྐྱུར་བརྟག་དཔྱད་བཅས་ཀྱི་བླང་བྱ་མེད་པར་བཟོས།
གཞན་ཡང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི«འགྲུལ་སྐྱེལ་ས་ཚིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱ་བའི་ཕྱོགས་སྟོན(པར་གཞི་བཅུ་པའི)»འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ། འགྲུལ་སྐྱེལ་ས་ཚིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་གྱི་བླང་བྱ་དང་ཉེན་ཁའི་ཁྱབ་ཁོངས་ནང་གི་རིམས་ནད་འགོག་ཟོན་གྱི་བླང་བྱ་བསྡུ་སྒྲིལ་ལེགས་གཏོང་བྱས་ནས། “མཚོ་སྔོན་གྱི་ཡིད་རྟོན་ཨང་རིས”ཀྱིས་ས་ཁོངས་ལས་བརྒལ་བའི་འགྲོ་འོང་བྱེད་མཁན་ལ་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་དཔང་ཡིག་དང་བདེ་ཐང་ཨང་རིས། ས་གནས་སུ་ཐོན་རྗེས་ཀྱི་ཉིང་སྐྱུར་བརྟག་དཔྱད་བཅས་ཀྱི་འབྲེལ་ཡོད་བྱེད་ནུས་མྱུར་དུ་མེད་པར་བཟོས།
འབྲེལ་ཡོད་འོས་སྦྱོར།