logo

ལོ་ངོ་དུང་ཕྱུར1.2གོང་གི་བྱ་རིགས་ཤིག་རྙེད་འདུག

རྩོམ་པ་པོ།: ཡོང་ཁུངས།:མི་དམངས་དྲྭ་བ། དུས་ཚོད།:2023-01-05 ཀློག་གྲངས།:
       གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཀྱི་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁང་དེའི་ཚན་ཞིབ་མི་སྣས་ལེའོ་ཞི་རེ་ཧོའི་སྐྱེ་དངོས་ཁྱུ་ཚོགས་སུ་ཁུང་འབྲུག་གི་མགོ་རུས་དང་གཟུགས་རིས་ཡ་མཚན་ཅན་གྱི་དཀར་རྩིའི་དུས་རབས་ཀྱི་བྱ་རིགས་གསར་དུ་ཤེས་རྟོགས་བྱུང་ཡོད་པ་དང་། བྱ་རིགས་དེའི་མིང་ལ“ཀྲུའུ་ཧྲེ་ཁེ་ལ་ཐུང་ལུང”ཞེས་བཏགས་འདུག ཞིབ་འཇུག་གི་གྲུབ་འབྲས་དེ་ནི་བྱ་རིགས་རྣམས་ཇི་ལྟར་བྱས་ནས་ཁུང་འབྲུག་ནས་འཕེལ་འགྱུར་བྱུང་ཚུལ་མཚོན་པ་མ་ཟད། ཐུན་མོང་མ་ཡིན་པའི་རྣམ་པའི་ཁྱད་ཆོས་ལས་འགྱུར་རྡོའི་དཔང་རྟགས་གསར་པ་ཞིག་འདོན་སྤྲོད་བྱས་ཡོད། མུ་འབྲེལ་གྱི་ཚན་ཞིབ་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ«རང་བྱུང་དང་སྣོད་བཅུད་དང་འཕེལ་འགྱུར»ཐོག་སྤེལ་ཡོད།
       བར་སྐྱེ་དུས་རབས་སུ་བྱ་རིགས་རྣམས་ཇི་ལྟར་བྱས་ཏེ་ཁུང་འབྲུག་ནས་འཕེལ་འགྱུར་བྱུང་ཚུལ་ཟིན་བྲིས་སུ་བཀོད་པ་མ་ཟད། ད་དུང་ཐུན་མོང་མ་ཡིན་པའི་གཟུགས་དབྱིབས་ཀྱི་ཁྱད་ཆོས་ལྡན། འཕེལ་འགྱུར་གྱི་དུས་རིམ་འདིར་བྱ་རིགས་ཀྱི་སྣ་མང་རང་བཞིན་ནི་གཙོ་བོ་ལྡོག་པའི་བྱ་རིགས་དང་དེང་གི་བྱ་རིགས་ལས་གྲུབ་པའི་བྲང་ཆེའི་བྱ་རིགས་གཙོ་བོ་བྱས་ཤིང་།  བྲང་ཆེའི་བྱ་རིགས་ནི་ད་ལྟ་ཡོད་པའི་བྱ་རིགས་དང་ཆ་འདྲ་བའི་རྣམ་པ་མང་པོ་ཞིག་ཏུ་འགྱུར་བཞིན་ཡོད་པས། ཆེས་གདོད་མའི་བྱ་རིགས་ཀྱི་གཟུགས་དབྱིབས་དང་ཁྱད་པར་ཆེན་པོ་ཡོད། འོན་ཀྱང་། དུས་ཡུན་རིང་པོའི་ནང་འགྱུར་རྡོ་ཙམ་རྙེད་པ་ལས་གཞན་མེད་པས། སོ་སོར་ཞིབ་འཇུག་བྱེད་པར་ཚོད་འཛིན་ཐེབས་ཡོད། ཐེངས་འདིར་རྙེད་པའི་བྱ་རིགས་ནི་ཏག་ཏག་རེ་ཧོའི་སྐྱེ་དངོས་ཚོགས(ད་ལྟའི་བར་དུ་ལོ་ངོ་དུང་ཕྱུར1.35ནས་ལོ་ངོ་དུང་ཕྱུར1.2བར)ཀྱི་གཞི་སྐམ་བྱ་རིགས་ཀྱི་ཁོངས་སུ་གཏོགས་པ་མ་ཟད། ཞིབ་འཇུག་མི་སྣས་དེའི་མིང་ལ་ཀྲུའུ་ཧྲེ་ཁེ་ལ་ཐུང་ཞེས་བཏགས་ཡོད།
འབྲེལ་ཡོད་འོས་སྦྱོར།