ཆིན་གོང་མའི་རྫ་བཟོས་གྱད་རྟར་ཤེས་རྟོགས་གསར་པ་བྱུང་།
རྩོམ་པ་པོ།:
ཡོང་ཁུངས།:མི་དམངས་དྲ་བ།
དུས་ཚོད།:2023-01-17
ཀློག་གྲངས།:

རྒྱལ་ཁབ་དྲུག་ཕམ་པར་བྱས་ནས་གནམ་འོག་གཅིག་གྱུར་བྱས་པའི་ཆིན་དམག་གིས་དམག་ཇི་ལྟར་བཀོད་སྒྲིག་བྱས་སམ། ཆིན་བང་སོའི་རྫ་བཟོས་དུར་རྫས་བཟོ་སྟངས་གང་འདྲ་ཡིན། གསང་བ་འདི་དག་གི་དྲིས་ལན་རིམ་བཞིན་ལོ་རྒྱུས་ཀྱི་ཆུ་ངོས་སུ་མངོན་བྱུང་། ཚེས12ཉིན། ཧྲའན་ཞི་ཞིང་ཆེན་རིག་དངོས་ཅུས་ཀྱིས2022ལོའི་ཧྲའན་ཞི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གལ་ཆེན་ཁྱབ་བསྒྲགས་བྱས། དེའི་ཁྲོད་དུ་ཆིན་གོང་མའི་བང་སོའི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཅིང་། གནའ་རྫས་རྟོག་ཞིབ་པས་བང་སོའི་མཐའ་སྐོར་གྱི་དུར་སྦས་ཁུང་ཆེ་གྲས་ཏེ། ཁུང་བུ་དང་པོར་ལོ་ངོ་བཅུ་ལྷག་ལ་རྒྱུན་མཐུད་པའི་གནའ་རྫས་རྟོག་ཞིབ་སྔོག་འདོན་ཐེངས་གསུམ་པ་བྱས་ཏེ། རྫ་བཟོས220ལྷག་ཙམ་གསར་དུ་ཤེས་རྟོགས་བྱུང་བ་མ་ཟད། དམག་གྲལ་གྱི་སྟར་སྒྲིག་ཆོས་ཉིད་རགས་ཙམ་གཏན་འཁེལ་བ་མ་ཟད། ད་དུང་ཆིན་བང་སོའི་རྫ་བཟོས་བཟོ་སྟངས་ཁ་གསལ་བྱུང་ཡོད།

ཁུང་བུ་དང་པོའི་གནའ་རྫས་རྟོག་ཞིབ་སྔོག་འདོན་ཐེངས་གསུམ་པ་ནི2009ལོར་བྱེད་འགོ་ཚུགས་པ་དང་། སྔོག་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ430ཙམ་ཡོད། མིག་སྔར་རྫ་བཟོས་དུར་རྫས220ལྷག་ཙམ་དང་། རྫ་རྟ16། དམག་འཐབ་འཁོར་ལོ4དང་། དེ་བཞིན་རྟ་འཁོར་དང་། གོ་མཚོན། ཐོན་སྐྱེད་ཡོ་བྱད་སོགས་གཙང་བཤེར་བྱས་པ་རེད།

ཆིན་གོང་མའི་རྟེན་རྫས་བཤམས་མཛོད་ཁང་གི་ཞིབ་འཇུག་པ་ཧྲེན་མའོ་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁུང་བུ་དང་པོའི་བཟོ་བཀོད་ཀྱི་གྲུབ་ཆ་ནི་སྒྲོམ་གཞི་ཅན་ཡིན་པ་དང་། དུར་སྒམ་རྣམ་པའི་དུར་སྦས་དོང་དང་བསྡུར་ན་ཅུང་གདོད་མའི་ལག་རྩལ་ཡིན་པས། དེ་ལས་བང་སོ་ཁང་དུ་བསྐྲུན་དུས་སྔ་ཙམ་ཡིན་པ་ཤེས་ཐུབ། དེ་དང་ཆབས་ཅིག་ད་ཐེངས་ཀྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་ཐད་ཚད་བརྒལ་མང་པོ་བྱུང་བ་སྟེ། མཚོན་ཆའི་རིགས་དང་དེའི་ཁོངས་ཁ་གསལ་བཟོས་པ་དང་། རྫ་ཁུང་ནང་གི་ཕུབ་དང་པོ་གཙང་སེལ་བྱས་པ། དམིགས་བསལ་རྫ་བཟོས་ཀྱི་འགན་ནུས་གཏན་འཁེལ་བྱས་པ་མ་ཟད། དམག་གྲལ་བསྟར་སྒྲིག་གི་ཆོས་ཉིད་རགས་ཙམ་ཤེས་ཡོད། ཧྲེན་མའོ་ཧྲེང་གིས་ད་ཐེངས་ཀྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་ནང་། ད་དུང་རྫ་མའི་གཟུགས་ཆེ་བ་གྲུབ་རྗེས་དེའི་སྟེང་ལ་ཞིབ་བརྐོས་བྱས་པ་དང་། དེ་རྗེས་དཔུང་བ་གཉིས་སྦྱར་བ་ཡིན་པ་ཁ་གསལ་བྱུང་།
འབྲེལ་ཡོད་འོས་སྦྱོར།