མཚོ་སྔོན་ཞིང་ཆེན་གྱིས2023ལོའི་གཞུང་ཞབས་པ་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-02-02
ཀློག་གྲངས།:
«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས»དང«གཞུང་ཞབས་པ་བསྡུ་བའི་གཏན་འབེབས»། མཚོ་སྔོན་ཞིང་ཆེན་གྱི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་སྲིད་ཇུས་བཅས་ཀྱི་ནང་ལྟར། ད་ལྟ་མཚོ་སྔོན་ཞིང་ཆེན་གྱིས2023ལོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་བསྒྲགས་བྱས་པ་གཤམ་གསལ།
གཅིག རྒྱུགས་བསྡུའི་མི་གྲངས།
2023ལོའི་ཞིང་ཆེན་ཡོངས་ཀྱིས་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་གཞུང་ཞབས་པ1231བསྡུ་རྒྱུ་ཡིན་པ་དང་། ཡིག་རྒྱུགས་བསྡུ་ལེན་གྱི་ལས་གནས་འཆར་གཞི་ཞིབ་ཕྲ་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)ཡི་སྟེང་ནས་རྒྱུས་ལོན་བྱས་ཆོག
གཉིས། མིང་ཐོ་འགོད་སྟངས་དང་ཐོབ་ཐང་ཞིབ་བཤེར།
དྲ་ཐོག་ནས་མིང་ཐོ་འགོད་པ་དང་། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པ། དྲ་ཐོག་ནས་གྲོན་དངུལ་འཇལ་བ། དྲ་ཐོག་ནས་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་པར་འདེབས་བྱེད་པ་བཅས་ཀྱི་གོ་རིམ་བརྒྱུད་དགོས།
མིང་ཐོ་འགོད་པའི་དུས་ཚོད་ནི2023ལོའི་ཟླ2པའི་ཚེས2ཉིན་གྱི་ཆུ་ཚོད9:00ནས་ཟླ2པའི་ཚེས6ཉིན་གྱི་ཆུ་ཚོད18:00བར་ཡིན།
གྲོན་དངུལ་འཇལ་བའི་དུས་ཚོད་ནི2023ལོའི་ཟླ2པའི་ཚེས2ཉིན་གྱི་ཆུ་ཚོད9:00ནས་ཟླ2པའི་ཚེས9ཉིན་གྱི་ཆུ་ཚོད23:30བར་ཡིན།
མིང་ཐོ་འགོད་པའི་སྙོམ་སྒྲིག་དུས་ཚོད་ནི2023ལོའི་ཟླ2པའི་ཚེས10ཉིན་གྱི་ཆུ་ཚོད9:00ནས16:00བར་ཡིན།
མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)ཡི་སྟེང་མིང་ཐོ་འགོད་དགོས།
གསུམ། ཡིག་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས།
ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2023ལོའི་ཟླ2པའི་ཚེས25ཉིན་ཡིན་ཞིང་། གནས་ཚུལ་ཞིབ་ཕྲ་རྒྱུགས་ལེན་ས་གནས་རྒྱུགས་སྤྲོད་འཛིན་ཡིག་གཞིར་འཛིན་དགོས།
བཞི། རྒྱུགས་བསྡུའི་ལས་དོན་གྱི་བློ་འདྲིའི་ཁ་པར་ཨང་གྲངས།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་གཞུང་ཞབས་པ་ཁག་གཉིས་པ། 0971—8482336
མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས། 0971—8258589(དྲ་ཐོག་ནས་མིང་ཐོ་འགོད་པའི་ལག་རྩལ་གྱི་རྒྱབ་སྐྱོར)

མཚོ་སྔོན་ཞིང་ཆེན་གཞུང་ཞབས་པ་ཅུའུ།
2023ལོའི་ཟླ2པའི་ཚེས1ཉིན།
2023ལོའི་ཟླ2པའི་ཚེས1ཉིན།
འབྲེལ་ཡོད་འོས་སྦྱོར།