ཞིབ་འཇུག་མི་སྣས་ལོ་3000གོང་གི་མཚོ་བོད་ས་མཐོའི་འོ་ཟས་ཀྱི་འཛད་སྤྱོད་དཔང་རྟགས་ཤེས་རྟོགས་བྱུང་བ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-02-15
ཀློག་གྲངས།:
ཉིན་ཤས་གོང་། མཚོ་བོད་ཚན་ཞིབ་རུ་ཁག་གི་ཐེངས་གཉིས་པའི“མིའི་རིགས་ཀྱི་བྱེད་སྒོའི་ལོ་རྒྱུས་དང་དེའི་ཤུགས་རྐྱེན”ཡན་ལག་རུ་ཁག་གིས་རང་རྒྱལ་གྱི་ཕྱོགས་བསྡུས་རིགས་ཀྱི་རིག་གཞུང་དུས་དེབ«Science Buletin»(ཚན་རིག་བརྡ་ཁྱབ)ཐོག་མཉམ་འབྲེལ་ཐོག་མིང་འཁོད་རྩོམ་ཡིག་སྤེལ་ནས། ཚན་རིག་རྟོག་ཞིབ་རུ་མི་ཚོས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གུང་ཐང་གནའ་ཤུལ་དུ་ལོ3000གོང་གི་འོ་མའི་ལྷག་རོ་ཞིབ་དཔྱད་ཚད་ལེན་ཐུབ་ཅིང་། དེ་ནི་མཚོ་བོད་ས་མཐོའི་སྔ་དུས་ཀྱི་འོ་ཟས་འཛད་སྤྱོད་ལ་བརྟག་དཔྱད་བྱེད་པའི་དཔང་རྟགས་ཤིག་ཅིག་ཡིན་ཞེས་བསྟན་འདུག

གུང་ཐང་གནའ་ཤུལ(共塘遗址)ནི་ཡར་ཀླུང་གཙང་པོའི་བར་རྒྱུད་ཡན་ལག་ཤངས་ཆུའི་གཡོན་ངོགས་སུ་གནས་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ཙམ་ཡོད་ཅིང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཁྲོད་གསར་དུ་ཤེས་རྟོགས་བྱུང་བའི་མིའི་རིགས་ཀྱི་བྱེད་སྒོའི་གནའ་ཤུལ་ཞིག་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ། ལན་ཀྲོའུ་སློབ་ཆེན། བོད་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་སོགས་ཚན་པའི་ཞིབ་འཇུག་མི་སྣས་མཉམ་འབྲེལ་སྒོ་ནས་གྲུབ་པའི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པའི“མིའི་རིགས་ཀྱི་བྱེད་སྒོའི་ལོ་རྒྱུས་དང་དེའི་ཤུགས་རྐྱེན”ཡན་ལག་རུ་ཁག་གིས་གུང་ཐང་གནའ་ཤུལ་ནས་འཚོལ་བསྡུ་བྱས་པའི་སྐྱེ་དངོས་ཤུལ་བཞག་དང་རྫ་ལེབ་སོགས་དངོས་དཔེར་ཞིབ་འཇུག་བྱས་ཡོད། དེའི་ཁྲོད་ལས་ཐོབ་པའི་སྐྱེ་དངོས་ཀྱི་ཤུལ་བཞག་ཚད་མཇལ་བྱས་འབྲས་ལས་གནའ་ཤུལ་དེའི་ལོ་རབས་ནི་ད་བར་ལོ3000ཕྱིན་པ་ཤེས་རྟོགས་བྱུང་ཡོད་པ་དང་། གཞན་ཡང་ཚན་རིག་རྟོག་ཞིབ་རུ་མིས་དེ་དག་ཁྲོད་ལས་ད་དུང་རྫ་ལེབ6ལ་ཚིལ་རྫས་ལྷག་རོ་ཡོད་པ་དབྱེ་ཞིབ་ཐུབ་ཡོད།

ཚན་རིག་རྟོག་ཞིབ་རུ་མི་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་འབུམ་རམས་པ་ཀྲང་ཡུས་ནན་གྱིས། “ང་ཚོས་གནའ་ཤུལ་གྱི་རྫ་ལེབ་ལ་སོལ་རླངས་ཀྱི་མདོག་ཤལ—སྤུས་ཤལ་དང་མདོག་ཤལ—གནས་མཐུན་རྒྱུའི་སྤུས་ཤལ་དབྱེ་ཞིབ་བྱེད་སྐབས་དེའི་ནང་རྫ་ལེབ་གསུམ་ལ་འོ་ཟས་ལུས་ཡོད་པ་དང་རྫ་ལེབ་གཞན་གསུམ་གྱི་ལྷག་རོ་ཁྲོད་དུ་ལྡད་རྒྱག་སྲོག་ཆགས་ཀྱི་ཤ་རིགས་དང་ལྡད་རྒྱག་སྲོག་ཆགས་མིན་པའི་ཤ་རིགས་ཀྱི་བརྡ་རྟགས་ཤེས་རྟོགས་བྱུང”ཞེས་གསུངས་པ་རེད། འོ་ཟས་ཀྱི་ལྷག་རོ་ལྡན་པའི་རྫ་ལེབ་ལ་ང་ཚོས་ད་དུང་ཚ་འབྱེད་འོད་འཇལ་ལོ་བྱས་པ་དང་། དེའི་མཇུག་འབྲས་ནི་གནའ་རྫས་རྟོག་ཞིབ་གནའ་ཤུལ་གྱི་ལོ་རབས་དང་གཅིག་མཚུངས་ཡིན་པས། རྫ་ཆས་ནི་སྐབས་དེའི་སྡོད་དམངས་ཀྱིས་དངོས་སུ་སྤྱད་པ་ར་སྤྲོད་ཐུབ་ཡོད”ཅེས་གསུང་འདུག

ཞིབ་འཇུག་རྣམ་གྲངས་དེའི་འགན་འཁུར་བ་ལན་ཀྲོའུ་སློབ་ཆེན་འབྲི་ཆུའི་མཁས་དབང་། དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་དབྱང་ཞའོ་ཡན་གྱིས། མིའི་རིགས་ཀྱིས་གསོག་ཉར་བྱ་ཆོག་པའི་འོ་ཟས་ཀྱི་ལག་རྩལ་གསར་སྤེལ་བྱས་པ་དེས་འབྲོག་ལས་ཀྱི་གྲུབ་ཚུལ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ལོ3000གོང་གི་འོ་མའི་ལྷག་རོ་ཡིན་པའི་གུང་ཐང་གནའ་ཤུལ་ལ་ཞིབ་དཔྱད་ཚད་ལེན་བྱས་ནས་ཤེས་རྟོགས་བྱུང་བ་དང་། དེའི་ལོ་རབས་དང་ལྷ་སའི་ཆོས་གོང་གནའ་ཤུལ་དང་ལྷོ་ཁའི་འཕྱོངས་རྒྱས་སྤང་ཁ་གནའ་ཤུལ་ཁྲོད་ཁྱིམ་དུ་རྩྭ་གསོས་སྲོག་ཆགས་དང་ཞིང་འབྲོག་ལས་ཐད་གཞི་རྩའི་ཆ་ནས་བྱུང་བ་དང་ཆབས་ཅིག འོ་མའི་རིགས་ནི་རིམ་ཞན་གྲས་ཀྱི་ཐོན་རྫས་སུ་བརྩིས་ནས་གསར་སྤེལ་དང་ཤ་རིགས་སོགས་སྲོག་ཆགས་ཀྱི་དམའ་རིམ་ཐོན་རྫས་བེད་སྤྱོད་བྱ་རྒྱུ་དེ་དུས་སྐབས་གཅིག་རིང་འགོ་ཚུགས་པ་ཞིག་རེད་ཅེས་བསྟན་འདུག
འབྲེལ་ཡོད་འོས་སྦྱོར།