logo

ཐང་རྒྱལ་རབས་ཀྱི་དུས་འགོའི་སྐབས་ནས་བོད་མིར་ཆུ་འབྲས་ཟ་རྒྱུ་བྱུང་བ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2023-02-17 ཀློག་གྲངས།:
       གསར་འགོད་པས་མཚོ་བོད་ཚན་ཞིབ་བྱེད་ཐེངས་གཉིས་པའི་རུ་ཁག་གི“མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ལོ་རྒྱུས་དང་དེའི་ཤུགས་རྐྱེན”གྱི་ཡན་ལག་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚན་ཞིབ་མི་སྣས་བོད་ལྗོངས་སྐྱིད་གྲོང་རྫོང་ཁུང་བཟང་ཟམ་པའི་གནའ་ཤུལ་ནས་མིག་སྔར་མཚོ་བོད་མཐོ་སྒང་ཐོག་གི་ཞན་ཏའོ་ཆུ་འབྲས་སྔ་ཤོས་ཀྱི་ཤུལ་ལྷག་ཤེས་རྟོགས་བྱུང་།
       ཆུ་འབྲས་ནི་འཛམ་གླིང་ཐོག་གི་ལོ་ཏོག་ཆེན་པོ་གསུམ་གྱི་གྲས་ཡིན་ཞིང་། དེར་ཡང་ཡ་གླིང་དུ་བཏབ་པའི་འབྲས་དང་ཧྥེ་གླིང་དུ་བཏབ་པའི་འབྲས་གཉིས་སུ་དབྱེ་ཡོད་པའི་ནང་ཡ་གླིང་གིས་བཏབ་པའི་འབྲས་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་ཡོད་ལ། ཡ་གླིང་ནི་འདེབས་ཁྱོན་ཆེ་ཤོས་དང་ཐོན་ཚད་མང་ཤོས་ཡིན་པ་རེད། ཡ་གླིང་གིས་བཏབ་པའི་འབྲས་ལ་ཞན་ཏའོ་ཆུ་འབྲས་དང་ཅིང་ཏའོ་ཆུ་འབྲས་རིགས་གཉིས་ཡོད། སྤྱིར་བཏང་ཅིང་ཏའོ་ཆུ་འབྲས་ནི་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་ནས་ཐོན་པ་མ་ཟད། ད་བར་དང་ལོ་ངོ4000ཕྱིན་པའི་རྗེས་སུ་ཡ་གླིང་ལྷོ་མའི་བྱང་རྒྱུད་དུ་ཁྱབ་ནས། ས་གནས་དེ་གའི་འདུལ་གསོ་ཆ་ཚང་པོ་བྱུང་མེད་པའི“ཞན་ཏའོ་ཆུ་འབྲས་སྔ་མ”དང་རྒྱུད་འདྲེས་ནས་ཞན་ཏའོ་ཆུ་འབྲས་གྲུབ་པ་དང་། དེ་རྗེས་ཞན་ཏའོ་ཆུ་འབྲས་སླར་ཡང་ཡ་གླིང་ཤར་ལྷོ་དང་ཀྲུང་གོའི་ལྷོ་ཕྱོགས་སུ་ཁྱབ་ནས་ད་བར་རྒྱ་ཁྱབ་ངང་འདེབས་བཞིན་ཡོད། འོན་ཀྱང་ཞན་ཏའོ་ཆུ་འབྲས་དེ་དུས་ནམ་ཞིག་ལ་ལམ་ཐིག་གང་བརྒྱུད་ནས་ཀྲུང་གོར་དར་མིན་ཐད་ད་བར་བཤད་སྟངས་མི་འདྲ་བ་མང་པོ་ཡོད།
       2022ལོའི་ཟླ12པར། ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་གི་ཞིབ་འཇུག་སུའོ་དང་། ལན་ཀྲོའུ་སློབ་ཆེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ། ནུབ་བྱང་སློབ་ཆེན། བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་སོགས་ཚན་པའི་ཞིབ་འཇུག་མི་སྣས་མཉམ་དུ«Science China Earth Sciences»(«ཀྲུང་གོའི་ཚན་རིག་དང་སའི་གོ་ལའི་ཚན་རིག»)ཞེས་པའི་དུས་དེབ་ཐོག་མཚོ་བོད་མཐོ་སྒང་གི་ཞན་ཏའོ་ཆུ་འབྲས་སྔ་ཤོས་ཀྱི་ཤུལ་ལྷག་སྐོར་ཀྱི་གནས་ཚུལ་སྤེལ་ཞིང་། ཞིབ་འཇུག་མི་སྣས་དེ་ནི་ད་བར་ཀྲུང་གོའི་ས་ཁོངས་ནང་ཤེས་རྟོགས་བྱུང་བའི་ཞན་ཏའོ་ཆུ་འབྲས་སྔ་ཤོས་ཀྱི་ཤུལ་ལྷག་ཡིན་པའི་ངོས་འཛིན་བྱས་ཡོད།
       ཞན་ཏའོ་ཆུ་འབྲས་ཀྱི་ཤུལ་ལྷག་ནི་བོད་ལྗོངས་གཞིས་རྩེ་སྐྱིད་གྲོང་རྫོང་ཁུང་བཟང་ཟམ་པའི་གནའ་ཤུལ་ནས་ཐོན་ཞིང་། ཁུང་བཟང་ཟམ་པའི་གནའ་ཤུལ་ནི་ཧི་མ་ལ་ཡའི་སྐྱིད་གྲོང་ལུང་ཤུར་དུ་གནས་པ་དང་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི2676ཡོད་ལ། དེ་ནི་མཚོ་བོད་མཐོ་སྒང་དུ་ཕྱོགས་བསྡུས་ཚན་ཞིབ་བྱེད་ཐེངས་གཉིས་པའི་སྐབས་གསར་དུ་ཤེས་རྟོགས་བྱུང་བའི་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་རྗེས་ཤུལ་ཞིག་རེད། ཕྱི་རོལ་བརྟག་དཔྱད་བྱེད་སྐབས་ཕྱིར་མངོན་པའི་གནའ་ཤུལ་གྱི་གཤགས་ངོས(དཔེ་རིསa)ཤིག་གཙང་སེལ་བྱས་པས་དེ་ནས་རྫ་ལེབ་ཕྲན་བུ་དང་། སྲོག་ཆགས་ཀྱི་རུས་པ་ཆག་རོ། རྩི་ཤིང་མང་པོ་བཅས་ཀྱི་ཤུལ་ལྷག་རྙེད་ཅིང་། རྩི་ཤིང་གི་ཤུལ་ལྷག་དེ་དག་ཁྲོད་ནས་ཐན་འགྱུར་འབྲས(དཔེ་རིསb)རྙེད་དེ་ཐད་ཀར་ལོ་རྩིས་རྒྱག་སྐབས་དེ་ནི་སྤྱི་ལོའི་དུས་རབས8པའི་སྔ་རྗེས་སུ་བྱུང་བ་ཞིག་ཡིན་ལ་དེ་ནི་ཐང་རྒྱལ་རབས་ཀྱི་དུས་འགོའི་སྐབས་ཡིན། ཐན་འགྱུར་ས་བོན་གྱི་བཟོ་ལྟ་དེ་ཞན་ཏའོ་ཆུ་འབྲས་དང་འདྲ་བ་ལས་ཅིང་ཏའོ་ཆུ་འབྲས་མིན་པ་དང་། གནའ་ཤུལ་གྱི་རིག་གནས་བང་རིམ་ནས་བླངས་པའི་གནའ་བོའིDNAཡི་ཁྲོད་ཞན་ཏའོ་ཆུ་འབྲས་ཀྱི་ཐུན་མོང་མིན་པའི་རང་བཞིན་གྱི་གཞི་རྒྱུའི་གོ་རིམ་ཤེས་རྟོགས་བྱུང་སྟེ། དེ་ནི་ཞན་ཏའོ་ཆུ་འབྲས་ཡིན་པ་སྔར་བས་ར་སྤྲོད་ཐུབ་ཡོད། རྩི་ཤིང་ཤུལ་ལྷག་ཁྲོད་ནས་ད་དུང་སྡོང་རིང་ཐང་ཤིང་གི་སོལ་བ(དཔེ་རིསd)མང་པོ་གསལ་འབྱེད་ཐུབ་ཡོད་པ་དེ་ཐོག་ནས་ཁུང་བཟང་ཟམ་པའི་གནའ་ཤུལ་དེ་སྡོང་རིང་ཐང་ཤིང་གི་ནགས་ཁྲོད་དུ་གནས་ཡོད་ལ། དེ་ལྟ་བུའི་ཁོར་ཡུག་དང་དྲོད་ཚད་ཁྲོད་ཞན་ཏའོ་ཆུ་འབྲས་སྐྱེ་མི་ཐུབ་སྟབས། ཞ་ཏའོ་ཆུ་འབྲས་ནི་ས་བབ་དམའ་ས་ནས་ཉོ་ཚོང་བརྒྱུད་བྱུང་བ་ཞིག་ཡིན་པ་མཚོན།
       པར་རིསaནི་ཚན་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་བའི་ཁུང་བཟང་ཟམ་པའི་རྗེས་ཤུལ་ཡིན་པ། པར་རིསbནི་སོལ་འགྱུར་ཆུ་འབྲས་ཀྱི་ས་བོན་ཡིན་པ། པར་རིསcནི་གནའ་ཤུལ་ཁྲོད་ནས་བླངས་པའི་ཆུ་འབྲས་ཀྱི་ཕྲ་གཟུགས་འགྱུར་རྡོའི་རིགས་ཡིན་པ། པར་རིསdནི་གནའ་ཤུལ་ཁྲོད་ནས་ཤེས་རྟོགས་བྱུང་བའི་སོལ་བའི་ཤུལ་ལྷག་ཡིན་པ།
       ཚད་ལྡན་ཡིག་ཆའི་ནང་དུ། ཀྲུང་གོར་བཏབ་པའི་ཞན་ཏའོ་ཆུ་འབྲས་ཀྱི་ས་བོན་ནི་ཝེ་ཐེ་ནམ་གྱི“ཀྲན་ཁྲེང་རྒྱལ་ཁབ་ཀྱི་འབྲས”ནས་འབྱུང་བ་ཞིག་ཡིན་ལ། དེ་ཧྥུའུ་ཅན་དུ་དར་རྗེས་སུང་ཀྲེན་ཙུང(སྤྱི་ལོ997ནས1022ལོའི་བར་ཁྲིར་བཞུགས)བརྒྱུད་ཅང་ཧོའེ་ས་ཁུལ་དུ་རྒྱ་ཁྱབ་ངང་ཁྱབ་གདལ་བཏང་ཡོད། ཁུང་བཟང་ཟམ་པའི་གནའ་ཤུལ་གནས་སའི་སྐྱིད་གྲོང་ལུང་ཤུར་ནི་བོད་དང་བལ་བོའི་འབྲེལ་མཚམས་ཀྱི་བོད་བལ་གནའ་ལམ་དུ་གནས་ཤིང་། དེ་ནི་ཐང་རྒྱལ་རབས་སྐབས་ཀྱི་ཕོ་ཉ་རྒྱ་གར་དུ་སྐྱོད་སའི་གཞུང་ཕྱོགས་ཀྱི་བགྲོད་ལམ་ཞིག་རེད། གནའ་ཤུལ་ནས་ཐོན་པའི་སོལ་འགྱུར་ཆུ་འབྲས་ཀྱི་ལོ་རབས་ལས་ཐང་རྒྱལ་རབས་ཀྱི་དུས་འགོར་ཞན་ཏའོ་ཆུ་འབྲས་དེ་བོད་བལ་གནའ་ལམ་བརྒྱུད་ཧི་མ་ལ་ཡ་བརྒལ་ནས་ཀྲུང་གོའི་ས་ཁོངས་སུ་ཁྱབ་སྤེལ་བྱུང་བར་མ་ཟད། མུ་མཐུད་ཐང་བོད་གནའ་ལམ་བརྒྱུད་དེ་མཚོ་བོད་མཐོ་སྒང་་བརྒལ་ནས་ཤར་རྒྱུད་ཀྱི་ས་བབ་དམའ་བའི་ས་ཁུལ་དུ་དར་ཡོད་པ་གསལ་བཤད་ཀྱང་ཐུབ་ཡོད།
འབྲེལ་ཡོད་འོས་སྦྱོར།