logo

མཚོ་སྔོན་ཞིང་ཆེན་གྱི་སྨྱན་སྦྱོར་མཉམ་འདྲེས་ལག་རྩལ་དང་ཁྱབ་སྤེལ་གྱི་གཙོ་གནད་ཚོད་ལྟ་ཁང་གི་སྒོ་བྱང་བཀལ་བ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2023-02-23 ཀློག་གྲངས།:
       ཟླ2པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་གྱི་སྨྱན་སྦྱོར་མཉམ་འདྲེས་ལག་རྩལ་དང་བརྒྱུད་སྒྲོག་གཙོ་གནད་ཚོད་ལྟ་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ་དང་། ཚོད་ལྟ་ཁང་འདི་ནི་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་ཆོག་མཆན་ཐོབ་པ་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་འཛུགས་སྐྲུན་གྱི་འགན་འཁུར་པའི་མཚོ་སྔོན་ཞིང་ཆེན་གྱི2022ལོར་གསར་དུ་བསྐྲུན་པའི་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང4གྲས་ཀྱི་གཅིག་ཡིན་པར་མ་ཟད། མཚོ་སྔོན་གྱི་སྨྱན་སྦྱོར་མཉམ་འདྲེས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་ཐོག་མའང་ཡིན་པ་རེད།
       མཚམས་སྦྱོར་བྱས་པ་ལྟར་ན། ཚོད་ལྟ་ཁང་ནི་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་དང་། པེ་ཅིན་སློབ་གྲྭ་ཆེན་མོ་ཧྥང་ཀྲེང་གློག་རྡུལ་ཚད་ཡོད་ཀུང་སི། ཐེན་དབྱི་ཡུན་ཚན་རྩལ་ཚད་ཡོད་ཀུང་སིའི་མཚོ་སྔོན་ཡན་ལག་ཀུང་སི། ཧང་ཀྲོའུ་ཧྥན་ཝུན་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཚན་རྩལ་ཀུང་སི་མང་པོ་མཉམ་འབྲེལ་བྱས་ཏེ་འཛུགས་སྐྲུན་བྱ་རྒྱུ་ཡིན་ལ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ལག་རྩལ་དང་ཤེས་ལྡན་མི་སྣའི་དཔུང་ཁག་རྨང་གཞིར་བྱས་ཐོག མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་བོད་ཡིག་གསར་འགྱུར། ནུབ་མཚོ་གྲོང་ཁྱེར་ཚགས་པར། མཚོ་སྔོན་ཁྲིམས་ལུགས་ཚགས་པར། མཚོ་སྔོན་ལྟ་ཞིབ་སྤྱོད་སྣེ་སོགས་སྨྱན་སྦྱོར་གསར་པའི་སྟེགས་བུའི་ལེགས་ཆ་གཞི་གཅིག་ཏུ་བསྡུས་ནས་མིའི་བཟོས་རིག་ནུས་དང་། གཞི་གྲངས་ཆེན་མོ། གཞི་གྲངས་བདེ་འཇགས། སྨྱན་སྦྱོར་ཀུན་འདུས་བརྒྱུད་སྤེལ་རྣམ་པ་ཤེས་ཚོར་དང་ཆ་འཕྲིན་འགོག་མེད་སོགས་ཀྱི་ལག་རྩལ་ཞིབ་འཇུག་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བར་ལག་རྩལ་ཕྱོགས་ནས་རྒྱབ་སྐྱོར་བྱེད་རྒྱུ་རེད།
       ཤེས་གསལ་ལྟར་ན། ཚོད་ལྟ་ཁང་གིས་ཀྲུང་དབྱང་དང་སྤུན་ཟླའི་ཞིང་ཆེན་དང་ས་ཁུལ་གྱི་ཏང་གི་སྨྱན་སྦྱོར་མཉམ་འདྲེས་ཀྱི་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་སྟངས་དཔྱད་གཞིར་བྱས་ཏེ། “སྒོ་འབྱེད་དང་འཁོར་རྒྱུག མཉམ་འབྲེལ། འགྲན་རྩོད”བཅས་ཀྱི་ཚོད་ལྟ་ཁང་གི་འཁོར་སྐྱོད་ལམ་ལུགས་བཙུགས་པ་བརྒྱུད། སྔོན་ཐོན་གྱི་ལག་རྩལ་ལ་བརྟེན་ནས་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་པ་དང་། ཚགས་པར་ཁང་རྨང་གཞི་བྱས་ཏེ་མཚོ་སྔོན་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཡོངས་ལ་ཁ་ཕྱོགས་པ་བཅས་རིམ་བཞིན་མཚོ་སྔོན་ཞིང་ཆེན་དང་རྒྱལ་ནང་དུ་ཤུགས་རྐྱེན་ངེས་ཅན་ལྡན་པའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་ཞིག་ཏུ་འཕེལ་རྒྱས་བྱེད་པར་འབད་པ་བྱེད་རྒྱུ་རེད།
       སྒོ་བྱང་སྤྲོད་པའི་མཛད་སྒོ་སྟེང་། ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཚོད་ལྟ་ཁང་འཛུགས་སྐྲུན་ཐད་བླང་བྱ་བཏོན་པ་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་སློབ་ཆེན་གྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ་བ་རེད། །
འབྲེལ་ཡོད་འོས་སྦྱོར།