logo

བོད་ཀྱི་གསོ་བ་རིག་པར་འཕྲད་པའི་གོ་སྐབས་དང་འགྲན་སློང་།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-03-24 ཀློག་གྲངས།:
       ཉེ་དུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་གཞོན་པ་སྨིན་སྐྱིད་མཚོ་མོས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། བོད་ལུགས་གསོ་བ་རིག་པ་ཉིད་སྟོང་ལོའི་གོང་འཕེལ་གྱི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྱི་གསོ་རིག་ཅིག་ཡིན་པའི་ཆ་ནས་འཛམ་གླིང་ཁྱབ་ཁོངས་སུ་ཁྱབ་སྤེལ་བྱེད་ཚད་སྔར་བས་རྒྱ་ཆེར་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཐོག་གི་གོང་འཕེལ་མདུན་ལྗོངས་ཀྱང་སྔར་བས་ཡངས་སུ་འགྲོ་བཞིན་ཡོད། ང་ཚོས་གོ་སྐབས་དམ་འཛིན་བྱེད་པ་དང་དུས་མཚུངས་གྲ་སྒྲིག་ཨང་གསར་བྱེད་པ་དང་འགྲན་སློང་ལ་བསུ་བ་ཞུས་ཏེ་ཀྲུང་གོའི་བོད་ལུགས་གསོ་བ་རིག་པའི་རྒྱལ་སྤྱིའི་ཐོག་གི་གཏམ་བརྗོད་དབང་ཆ་དང་ཤུགས་རྐྱེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག་མིའི་རིགས་ཧྲིལ་པོའི་བདེ་ཐང་ཆེད་ལེགས་སྐྱེས་གང་ལེགས་འབུལ་དགོས་ཞེས་གསུངས་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་གཞོན་པ་སྨིན་སྐྱིད་མཚོ་མོས་གཏམ་བཤད་གནང་བཞིན་པ།
       བོད་ལུགས་གསོ་བ་རིག་པར་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། ཀྲུང་ཧྭ་གསོ་རིག་བང་མཛོད་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། སྨིན་སྐྱིད་མཚོ་མོས། བོད་ལུགས་གསོ་བ་རིག་པར་དམིགས་བསལ་གྱི་རིགས་གཞུང་མ་ལག་དང་ཕུན་སུམ་ཚོགས་པའི་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ལྡན་ཡོད་པས་ནད་རིགས་མང་པོར་སྨན་བཅོས་ཕན་ནུས་བཟང་པོ་ལྡན་ཡོད་རྐྱེན། འཛམ་གླིང་ལ་ཕྱོགས་ནས་མིའི་རིགས་ཧྲིལ་པོའི་བདེ་ཐང་ཐད་ལེགས་སྐྱེས་འབུལ་དགོས་ངེས་རེད་ཅེས་བསྟན་ཡོད།
       ཉེ་བའི་ལོའི་རིང་། བོད་ལུགས་གསོ་བ་རིག་པར་ཐོན་ཁུངས་སྲུང་སྐྱོབ་དང་། རིག་གནས་རྒྱུད་སྤེལ། སློབ་གསོ་གསོ་སྦྱོང་། ཚན་ཞིབ་གསར་གཏོད། སྨན་བཟོ་ཐོན་ལས། ཁྱད་ལྡན་སྨན་བཅོས་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་སྟེ་འཛམ་གླིང་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཉིན་རེ་ལས་མ་འདས་པར་ཤུགས་ཆེར་སོང་ཡོད། མཚོ་སྔོན་དུ་གནས་པའི་ཀྲུང་གོའོ་བོད་ལུགས་གསོ་བ་རིག་པའི་རིག་གནས་བཤམས་མཛོད་ཁང་ནི་མིག་སྔར་འཛམ་གླིང་ཐོག་གི་བོད་ལུགས་གསོ་རིག་སྨན་རྫས་ཀྱིས་གཙོ་བོ་བྱས་པའི་བཤམས་མཛོད་ཁང་ཉག་ཅིག་དེ་རེད། བོད་ལུགས་གསོ་བ་རིག་པའིདཔལ་ལྡན་རྒྱུད་བཞིའཛམ་གླིང་དྲན་ཤེས་ཀྱི་ཨེ་ཤ་ཡའི་ས་ཁུལ་གྱི་མིང་གཞུང་ནང་བཅུག་པ་དང་། ཀྲུང་གོའི་བོད་ལུགས་གསོ་བ་རིག་པའིལུམས་བཅོསམཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་གཞུང་ནང་བཅུག་པས་མི་དེ་བས་མང་བས་བོད་ལུགས་གསོ་བ་རིག་པར་རྒྱུས་མངའ་ཐུབ་ཚད་ཆེ་རུ་སོང་ཞིང་། རྒྱ་ཆེ་ལ་གཏིང་ཟབ་པའི་བོད་ལུགས་གསོ་བ་རིག་པའང་རྒྱལ་སྤྱིའི་གར་སྟེགས་ཕྱོགས་སུ་སྐྱོད་པའི་གོམ་སྟབས་སྔར་བས་མགྱོགས་སུ་སོང་ཡོད། སྨིན་སྐྱིད་མཚོ་མོས། བོད་ལུགས་གསོ་རིག་གིས་བཅོས་དཀའ་བའི་ནད་གཞི་སྨན་བཅོས་བྱེད་པའི་ཐད་ཀྱི་བཟང་ཆ་དང་མི་མངོན་པའི་ནུས་པར་ཡོངས་ཁྱབ་ཀྱི་དོ་ཁུར་ཐོབ་བཞིན་ཡོད་པ་དང་མི་རྣམས་ཀྱིས་བོད་ལུགས་གསོ་བ་རིག་པར་འཛིན་པའི་རྣམ་འགྱུར་དང་ཁས་ལེན་བྱེད་ཚད་ཀྱང་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་ལ། བོད་ལུགས་གསོ་བ་རིག་པའི་རྒྱལ་སྤྱིའི་ཐོག་གི་གོང་འཕེལ་གནས་བབ་ཀྱང་དེ་བས་ཡངས་ཤིང་རྒྱ་ཆེ་བར་འགྱུར་བཞིན་ཡོད་ཅེས་ངོ་སྤྲོད་གནང་ཡོད།
       བོད་ལུགས་གསོ་བ་རིག་པ་རྒྱལ་སྤྱིའི་ཕྱོགས་སུ་སྐྱོད་པར་རྒྱལ་སྤྱི་ཅན་གྱི་ཤེས་ལྡན་མི་སྣ་དགོས་གལ་ཆེན་པོ་ཡོད། སྨིན་སྐྱིད་མཚོ་མོས་རྒྱལ་ཁབ་ནས་བོད་ལུགས་གསོ་བ་རིག་པའི་རྒྱལ་སྤྱི་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་བོད་ལུགས་གསོ་བ་རིག་པའི་རྒྱལ་སྤྱིའི་ཐོག་གི་གཏམ་བརྗོད་དབང་ཆ་དང་ཤུགས་རྐྱེན་ནུས་པ་སྔར་བས་ཆེ་རུ་དང་རྒྱ་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
འབྲེལ་ཡོད་འོས་སྦྱོར།