ཐུན་ཏེ་རྫོང་གི་འོད་ནུས་གློག་འདོན་ས་ཚིགས་ཐོག་མ་འཛུགས་གྲུབ་བྱས་ཏེ་སྤྱོད་མགོ་ཚུགས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-03-30
ཀློག་གྲངས།:
ཉེ་ཆར། ཐུན་ཏེ་རྫོང་གི་འོད་ནུས་གློག་འདོན་ས་ཚིགས་ལས་གཞི་མཇུག་སྒྲིལ་ནས་སྤྱོད་མགོ་ཚུགས་པ་དང་། འདི་ནི་ཐུན་ཏེ་རྫོང་གི་དྲ་སྦྲེལ་འཁོར་སྐྱོད་ལེགས་གྲུབ་བྱུང་བའི་འོད་ནུས་གློག་འདོན་ས་ཚིགས་ཀྱི་ལས་གཞི་ཐོག་མ་ཡིན་པ་དང་། ལས་གཞི་འཛུགས་གྲུབ་བྱུང་བ་འདིས་ཐུན་ཏེ་རྫོང་གི་འོད་ནུས་གློག་འདོན་གྱི་སྟོང་ཆ་བསྐངས་ཡོད་པ་རེད།

ཟླ3པའི་ཚེས26ཉིན། གསར་འགོད་པས་རྒྱལ་ཁབ་ནུས་ཁུངས་ཐུན་ཏེ་ནུས་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི་རུ་བསྐྱོད་པ་ན། རིམ་པ་བཞིན་ཕྲེང་དུ་བསྟར་བའི་འོད་ནུས་གློག་རྫས་ཤེལ་ལེབ་མང་པོ་མཐོང་ཡོང་ལ། དེས་ཉི་མའི་ནུས་ཚད་བསྡུ་ལེན་བྱེད་བཞིན་འདུག ལག་རྩལ་མི་སྣ་འོད་ནུས་གློག་འདོན་སྒྲིག་ཆས་གམ་དུ་བསྐྱོད་ནས། ཞིབ་ཕྲའི་སྒོ་ནས་སྒྲིག་ཆས་སྣ་ཚོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་འདུག
གློག་འདོན་ས་ཚིགས་བརྟན་འཇགས་འཁོར་སྐྱོད་ལ་ཁག་ཐེག་བྱ་ཆེད། ལག་རྩལ་མི་སྣས་སྐོར་ཞིབ་ཟིན་དེབ་ལག་ཏུ་བཟུང་སྟེ་འོད་ནུས་སྒྲིག་ཆས་དང་ཡན་ལག་ཁང་སོ་སོར་སྐོར་ཞིབ་བྱེད་བཞིན་འདུག་ལ། ད་དུང་རྒྱབ་ཀྱི་གཞི་གྲངས་ལ་ལྟ་སྐུལ་ཚོད་འཛིན་བྱས་ཏེ་སྒྲིག་ཆས་ཁ་ཚང་གི་འཁོར་སྐྱོད་རྒྱུན་ལྡན་ལ་ཁག་ཐེག་བྱས་ཡོད།

ཐུན་ཏེའི་ནུས་ཁུངས་གསར་སྤེལ་ཀུང་ཟིས་སྟོང་ཝ120ཅན་གྱི་དྭངས་གཙང་དྲོད་འདོན་སྒྲིག་ཆས་ཀྱི་གློག་ཁུངས་ལས་གཞི་ལས་དུས་རིམ་དང་པོའི་སྟོང་ཝ་ཁྲི་ལྔ་ཅན་གྱི་ལས་གཞི་ཡོངས་འགྲུབ་བྱས་ཤིང་། 2022ལོའི་ཟླ11པའི་ཚེས30ཉིན་དྲ་སྦྲེལ་ཐུབ་ཡོད་པ་དང2023ལོའི་ཟླ་དང་པོའི་ཚེས5ཉིན་ཁྱོན་ཡོངས་ནས་གློག་གཏོང་མགོ་བརྩམས་ཡོད་པ་རེད། མིག་སྔའི་བར་རགས་རྩིས་བྱས་ན་གློག་གཏོང་ཚད་སྟོང་ཝ་ཁྲི1500ཟིན་པ་དང་ཉིན་རེའི་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་ཁྲི25ལྷག་ལ་སླེབས་ཡོད། མིག་སྔར་རྒྱུན་ལྡན་ལྟར་གློག་གཏོང་བཞིན་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ནུས་ཁུངས་ཐུན་ཏེའི་ནུས་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི་ལ་རྒྱ་ཁྱོན་ས་མུའུ1400ལྷག་ཡོད་པ་དང་། འོད་ནུས་གློག་འདོན་ལས་གཞི་ལས་བསྡོམས་པས50MWpའཛུགས་སྐྲུན་བྱས་ཡོད། གློག་འདོན་ས་ཚིགས་གཏན་འཇགས་ངང་འཁོར་སྐྱོད་བྱེད་པ་དེས་ཟད་གྲོན་རང་བཞིན་གྱི་ནུས་ཁུངས་གྲོན་ཆུང་བྱས་ཡོད་ལ། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཕན་ཁེ་བསྐྲུན་པའི་དམིགས་ཚད་ལག་བསྟར་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།