མྱང་ཆུའི་འབབ་རྒྱུད་ནས་གནའ་རྫས་གསར་པ་ཤེས་རྟོགས་བྱུང་བ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-05-15
ཀློག་གྲངས།:
སྤྱི་ཟླ5ཚེས7ཉིན་རྒྱལ་རྩེ་རྫོང་གི་རིག་གནས་ཤུལ་བཞག་ཡོངས་བཤེར་ལས་དོན་འགོ་བཙུགས་པ་ནས་བཟུང་། རྒྱལ་རྩེ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཤང་དང་གྲོང་རྡལ་དང་གྲོང་ཚོ་ཁག་གི་སྟོབས་ཤུགས་སྐུལ་སློང་གིས་གཏན་འཇགས་རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་ལ་སྒོ་ཀུན་ནས་ཡོངས་ཁྱབ་ཞིབ་བཤེར་བྱེད་འགོ་ཚུགས་ཡོད། གཏན་འཇགས་རིག་དངོས་ཡོངས་བཤེར་ཚོ་ཆུང་གིས་གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག རིག་དངོས་མྱུར་སྐྱོབ་དང་ཞིབ་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་སྐལ་དབང་གིས་ཡོངས་བཤེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་གནང་ཡོད།

ཐེངས་འདིའི་ཡོངས་བཤེར་ལས་དོན་ནང་།
རིག་དངོས་ས་ཚིགས་ཉི་ཤུ་རྩ་གཅིག་གསར་དུ་ཤེས་རྟོགས་བྱུང་ཞིང་།དེའི་ནང་གནའ་ཤུལ་དང་། གནའ་བོའི་བང་སོ། གནའ་བོའི་འཛུགས་སྐྲུན། བྲག་ཕུག་ལྷ་ཁང་།
དེ་བཞིན་བྲག་བརྐོས་རི་མོ་དང་། ཉེ་རབས་ཀྱི་ལོ་རྒྱུས་གནའ་ཤུལ་གལ་ཆེན་སོགས་ཡོད་པ་ལས།
དེའི་ཁྲོད་དུ་གལ་འགངས་ཆེ་བའི་རིག་དངོས་ས་ཚིགས་དྲུག་ཡོད།
ལྷག་པར་དུ་མྱང་ཆུ་གཙང་པོའི་དབུས་རྒྱུད་ནས་གནའ་བོའི་བང་སོའི་ཁྱུ་ཚོགས་ཤིག
གསར་དུ་ཤེས་རྟོགས་བྱུང་བ་དང་། དེའི་གཞི་ཁྱོན་ཆེ་ཞིང་། ཁྱད་ཆོས་དམིགས་བསལ་ཆེ་བ།
བང་སོ་མང་ཆེ་བའི་ས་ངོས་སུ་རྡོ་རྩིག་རིམ་པ་འགའ་ལས་གྲུབ་པའི་འཛུགས་སྐྲུན་ཤུལ་ཡང་མཐོང་རྒྱུ་ཡོད།

བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སོའི་ཡི་གནའ་རྫས་མཁས་དབང་གིས་ཐོག་མའི་ཚོད་དཔག་གནང་བ་ལྟར་ན། བང་སོའི་ཚོགས་དེའི་ལོ་རབས་ནི་སུའེ་རྒྱལ་རབས་སམ་ཐང་བོད་དུས་སྐབས་སུ་ཡིན་ཞིང་། མིག་སྔར་ཤེས་རྟོགས་ཐུབ་པའི་དཔྱད་གཞི་ནས་བལྟས་ན། རིགས་འདི་རིགས་ཀྱི་བང་སོའི་ཚོགས་ནི་མྱང་ཆུ་གཙང་པོའི་རྒྱུག་ཁུལ་ནས་ཤེས་རྟོགས་ཐུབ་ཐེངས་དང་པོ་ཡིན་པ་རེད། བང་སོའི་ཚོགས་དེ་ཤེས་རྟོགས་ཐུབ་པ་དེས་མྱང་ཆུ་གཙང་པོ་རྒྱུག་ཁུལ་གྱི་གནའ་བོའི་ལོ་རྒྱུས་རིག་གནས་ལ་ཤེས་རྟོགས་དང་བོད་ལྗོངས་དབུས་ལྷོའི་རྒྱུད་ཀྱི་གནའ་བོའི་སྤྱི་ཚོགས་ལོ་རྒྱུས་ཀྱི་གོང་འཕེལ་བརྒྱུད་རིམ་ལ་ཤེས་རྟོགས་བྱེད་པར་རིག་དངོས་ཀྱི་དཔྱད་གཞིའི་རིན་ཐང་གལ་ཆེན་མཁོ་འདོན་ཐུབ་ཡོད།

མིག་སྔར། རིག་དངོས་ཤུལ་བཞག་ཡོངས་བཤེར་བྱེད་པའི་ལས་དོན་སྤེལ་དང་སྤེལ་མུས་ཡིན་པ་དང་། གཏན་འཇགས་རིག་དངོས་ཡོངས་བཤེར་ཚོ་ཆུང་གིས་རྒྱལ་རྩེ་རྫོང་ཁོངས་ཀྱི་གཏན་འཇགས་རིག་དངོས་ཐོན་ཁུངས་ཁྱོན་ཡོངས་ནས་སྔོག་འདོན་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། སྲུང་སྐྱོབ་དང་བེད་སྤྱོད་ལུགས་མཐུན་བྱ་རྒྱུ་ཟུང་འབྲེལ་བྱས་པ་བརྒྱུད་དེ་རིག་དངོས་ཀྱི་མ་མཐའི་གྲངས་ཚད་གསལ་རྟོགས་དང་རིག་གནས་ཀྱི་བློ་སྤོབས་མཐོར་གཏོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་ཆེད་ཚན་རིག་དང་མཐུན་པའི་བདེན་དཔང་མང་ཙམ་མཁོ་འདོན་ཐུབ་པ་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།