རྣམ་པ་གསར་རྐྱང་གི་མི་རིགས་རོལ་དབྱངས་སྤྲོ་ཚོགས་ཤིག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-06-15
ཀློག་གྲངས།:
རྣམ་པ་གསར་རྐྱང་གི་མི་རིགས་རོལ་དབྱངས་སྤྲོ་ཚོགས་ཤིག་ཚེས11ཉིན་གྱི་སྔ་དྲོ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་འཚོགས་ཤིང་། གཙང་གསུམ་ཆུ་འགོ་སྲུང་བ་ཞེས་པའི་སྐྱེ་ཁམས་ཡུལ་རྣམ་གྱི་རོལ་དབྱངས་རི་མོ་འཁྲབ་སྟོན་ཆེ་གྲས་ཏེ«རྨ་ཆུ་ནས་འབྲི་ཆུའི་བར། མི་རིགས་རོལ་དབྱངས་སྐོར་སྐྱོད་འཁྲབ་སྟོན»གྱིས་ས་གནས་དེ་གའི་མང་ཚོགས་ལ་མིག་གི་སྟོན་མོ་གྲ་རྒྱས་པོ་ཞིག་བཤམས་ཡོད།

མགོ་ལོག་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་གཙང་གསུམ་ཆུ་འགོའི་ཁུལ་དུ་གནས་ཤིང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ཁུལ་ཡང་རེད། མགོ་ལོག་ནས་ཧྲང་ཧའེ་ཡི་བར་དང་། རྨ་ཆུ་ནས་འབྲི་ཆུའི་བར། ལེ་བར་སྟོང་གི་མཛའ་གྲོགས་ཀྱིས་རིག་རྩལ་བརྩམས་ཆོས་གསར་རྩོམ་ལ་ཞིང་ས་གཤིན་པོ་མཁོ་འདོན་བྱས་ཡོད། ཡུལ་དངོས་ཀྱི་ལྟད་མོ་བ་ལྷ་མོ་སྒྲོལ་མ་ཡིས། དེ་སྔ་བོད་རིགས་ཀྱི་གླུ་གར་ལྟ་རྒྱུ་ཅུང་མང་བ་ལས། འདི་ལྟ་བུའི་འཁྲབ་སྟོན་ཡུལ་དངོས་ནས་མཐོང་མ་མྱོང་། འཁྲབ་སྟོན་ནང་ད་དུང་བོད་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་བེད་སྤྱོད་མང་པོ་བཏང་འདུག་ཅེས་བཤད་པ་རེད།

ཐང་ཧྲེང་ཧྲེང་ནི་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་དགེ་རྒན་ཡིན་ལ། «རྨ་ཆུ་ནས་འབྲི་ཆུའི་བར། མི་རིགས་རོལ་དབྱངས་སྐོར་སྐྱོད་འཁྲབ་སྟོན»གྱི་རྣམ་གྲངས་ཇུས་འགོད་མཁན་ཡང་རེད། 2021ལོའི་ལོ་འགོར། ཐང་ཧྲེང་ཧྲེང་གིས་མགོ་ལོག་གི་རྣོ་སྦྲེང་དང་མི་རིགས་རོལ་ཆའི་ཚོགས་པ་དང་པོ་སྟེ་ཨ་མྱེས་རྨ་ཆེན་རོལ་ཆ་ཚོགས་པ་ཞེས་པ་སྒྲིག་འཛུགས་བྱས་པ་དང་། ལོ་གཉིས་རིང་སྦྱོང་བརྡར་བྱས་པ་བརྒྱུད། རོལ་ཆ་ཚོགས་པ་འདིས་ཧྲང་ཧའེ་དང་། ནན་ཅིན། ནན་ཁྲང་། ཉིང་པོ་སོགས་ས་ཆར་སྔ་རྗེས་སུ་འཁྲབ་སྟོན་བྱས་ཏེ། ནང་སའི་མང་ཚོགས་ལ་བོད་ཀྱི་ཁྱད་ཆོས་མངའ་བའི་རོལ་དབྱངས་ཀྱི་སྟོན་མོ་གྲ་རྒྱས་ཕུན་སུམ་ཚོགས་པོ་ཞིག་བཤམས་ཡོད།
འབྲེལ་ཡོད་འོས་སྦྱོར།