logo

དགེ་རྒན་གྱི་ཀུན་སྤྱོད་གནད་དོན་ཐེར་འདོན་བྱེད་སའི་ཁ་པར་བསྒྲགས་འདུག

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2023-07-05 ཀློག་གྲངས།:
       དབྱར་གནང་འཆར་ཉེར་ཡོད་པའི་སྐབས་འདིར། དགེ་རྒན་དཔུང་ཁག་གི་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གནད་དོན་ཞུ་གཏུག་སྔར་བས་སྟབས་བདེ་བ། སྤྱོད་གཙང་གཞུང་དྲང་གི་སློབ་གསོའི་ཁོར་ཡུག་ལེགས་པོ་བཅས་བསྐྲུན་ཆེད། ཞིང་ཆེན་སློབ་གསོ་ཐིང་གིས«ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་སུ་དགེ་རྒན་གྱི་ཀུན་སྤྱོད་གཅིག་སྡུད་ཐོག་སློབ་སྦྱོང་དང་། དགེ་རྒན་གྱི་ཀུན་སྤྱོད་ཆེད་དོན་བཅོས་སྒྲིག་བྱ་བའི་སྐོར་གྱི་ལག་བསྟར་ཇུས་གཞི»ཡི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ། ཉིན་ཤས་བསྟུད་མར་ཞིང་ཆེན་ཡོངས་ཀྱི་རིམ་པ་དང་ས་གནས་ཁག་གི་སློབ་གསོའི་སྡེ་ཚན་དང་སློབ་གྲྭས་དགེ་རྒན་གྱི་ཀུན་སྤྱོད་གནད་དོན་ཞུ་གཏུག་དང་ཐེར་འདོན་བྱེད་ས་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས་ཏེ། ཁྱིམ་བདག་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་དགེ་རྒན་གྱི་ཀུན་སྤྱོད་གནད་དོན་ཡོད་པའི་ཞིང་ཆེན་རིམ་པའི་ཞུ་གཏུག་ཐེར་འདོན་བྱེད་ས།
       ཞུ་གཏུག་ཐེར་འདོན་ཁ་པར(097-6310741)དང་དྲ་རྒྱའི་ཞུ་གཏུག་ཐེར་འདོན་གྱི་ལས་སྟེགས(http://jyt.qinghai.gov.cn/hd/tzxx/wyxx/)དང་། སློབ་མ་དང་ཁྱིམ་བདག་གིས་ལས་ཀའི་དུས་ཚོད(གཟའ་ཟླ་བ་ནས་གཟའ་པ་སངས་བར་གྱི་དུས་ཚོད8པ་ནས12:00བར། 14:30-18:00བར།)ཐད་སྦྲེལ་ཁ་པར་དང་སྦྲག་སྲིད་དྲ་རྒྱའི་ཞུ་གཏུག་ཐེར་འདོན་གྱི་ལས་སྟེགས་སྟེང་བསྐུར་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གནད་དོན་ཐེར་འདོན་བྱེད་ཆོག
       ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་དགེ་རྒན་གྱི་ཀུན་སྤྱོད་གནད་དོན་གྲོང་ཁྱེར་རིམ་པའི་ཞུ་གཏུག་ཐེར་འདོན་བྱེད་ས་དང་། ཞུ་གཏུག་ཐེར་འདོན་ཁ་པར་ཨང་གྲངས(0971-4393017)དང་། དྲ་རྒྱའི་ཐེར་འདོན་ཡིག་སྒམ(xn4393017@163.com)དང་། སྐུ་འབུམ་ས་ཁུལ་གྱི་སློབ་གསོ་ཅུའུ་ཡི་དགེ་རྒན་གྱི་ཀུན་སྤྱོད་གནད་དོན་ཆུས་རིམ་པའི་ཞུ་གཏུག་ཐེར་འདོན་བྱེད་ས། ཞུ་གཏུག་ཐེར་འདོན་ཁ་པར་ཨང་གྲངས(0971-2237499)དང་། དྲ་རྒྱའི་ཞུ་གཏུག་ཐེར་འདོན་ཡིག་སྒམ།(hz2237499@163.com)བཅས་རེད།
       མཚོ་ནུབ་ཁུལ་སློབ་གསོ་ཅུའུ་ཡི་དགེ་རྒན་གྱི་ཀུན་སྤྱོད་གནད་དོན་ཁུལ་རིམ་པའི་ཞུ་གཏུག་ཐེར་འདོན་བྱེད་ས་དང་། ཐེར་འདོན་ཁ་པར(0977-8215069དང་། 0977-8226067)དང་། ཞུ་གཏུག་ཐེར་འདོན་ཡིག་སྒམ།(1403463507@qq.com)ཡིན།
       ཡུལ་ཤུལ་ཁུལ་སློབ་གསོ་ཅུའུ་ཡི་དགེ་རྒན་གྱི་ཀུན་སྤྱོད་གནད་དོན་ཁུལ་རིམ་པའི་ཞུ་གཏུག་ཐེར་འདོན་བྱེད་ས་དང་། ཐེར་འདོན་ཁ་པར(0976-8826865)དང་། ཞུ་གཏུག་ཐེར་འདོན་ཡིག་སྒམ།(ysjyzgk@126.com)ཡིན།
       མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་གྱི་ཀུན་སྤྱོད་གནད་དོན་ཞུ་གཏུག་ཐེར་འདོན་བྱེད་ས་དང་། ཐེར་འདོན་ཁ་པར(0971-5310407)དང་། ཞུ་གཏུག་ཐེར་འདོན་ཡིག་སྒམ།(dwjsgzb@qhu.edu.cn)ཡིན།
       རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་། ཁུལ(རྫོང་དང་ཆུས)གཞན་དག་གི་སློབ་གསོའི་སྡེ་ཚན་དང་སློབ་གྲྭའི་དགེ་རྒན་གྱི་ཀུན་སྤྱོད་གནད་དོན་ཞུ་གཏུག་དང་ཐེར་འདོན་བྱེད་ས་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱེད་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།