ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ཐད་མཛུབ་སྟོན་གལ་ཆེན་གནང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
དུས་ཚོད།:2023-07-06
ཀློག་གྲངས།:
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས། ཉེ་ཆར་ཁྲུང་ཆིང་སོགས་སུ་དྲག་ཆར་བབས་པ་དང་། ཆུ་བོ་ཁག་གཅིག་ཉེན་ཟོན་ཆུ་ཁ་ལས་བརྒལ་ནས་ཤྭ་འོད་དང་འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་ནས་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་ཡོངས་འདི་ཉིད་སྤྱི་ཟླ་བདུན་པའི་ཟླ་སྨད་ནས་སྤྱི་ཟླ་བརྒྱད་པའི་ཟླ་སྟོད་བར་གྱི་འབྲུབ་འགོག་གི་འགག་རྩའི་དུས་སྐབས་སུ་སླེབས་ཉེར་ཡོད་པ་དང་། ཆུ་བོ་ཆེ་གྲས་བདུན་གྱི་རྒྱུག་ཁུལ་དེ་ཁྱོན་ཡོངས་ནས་ཆུ་ཁ་རྒྱས་པའི་དུས་སུ་སླེབས་རྒྱུ་ཡིན་པ། འབྲི་ཆུ་དང་། ཧོའེ་ཧོ་ཆུ་བོ། ཐའེ་ཧུའུ་མཚེའུ། སུང་ལིའོ་སོགས་རྒྱུག་ཁུལ་དུ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་ཉེན་ཡོད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། འཕྲལ་སྒྲུབ་དོ་དམ་པུའུ། ཆུ་བེད་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་ཡག་པོ་གཏོང་བ། གཙོ་གནད་ས་ཁུལ་གྱིས་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་དང་། ཆུ་མཛོད་འབྲིང་ཆུང་གི་ཉེན་ཁ་ཐོན་པ། གྲོང་ཁྱེར་གྱི་འཁྱིལ་ཆུའི་གནོད་སྐྱོན་སོགས་ཀྱི་གནོད་འཚེའི་འགོག་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་གནད་སྨིན་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་སེལ་གེགས་སེལ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འབྲུབ་འགོག་གནོད་སེལ་གྱི་འགན་འཁྲི་གཙོ་བོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཕྲལ་སྒྲུབ་ལས་རེས་དང་མདུན་ཕྱོགས་སུ་བཀོད་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མི་དམངས་གོང་མའི་གོང་དུ་བཀུར་བ་དང་ཚེ་སྲོག་རྩ་བའི་རྩེ་ལ་འཛིན་པ་མཐའ་འཁྱོངས་བྱེད་པ། ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་འཁྲི་འཁུར་དགོས་ངེས་བཅས་ཀྱིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཨང་དང་པོར་བཞག་ནས། འབད་བརྩོན་ཆེན་པོས་རིགས་ཁག་གི་གྱོང་གུན་ཆེས་ཆུང་ཤོས་སུ་གཏོང་དགོས་པའི་བླང་བྱ་བཏོན་གནང་འདུག

འབྲེལ་ཡོད་འོས་སྦྱོར།