logo

ཞི་ཅིན་ཕིང་གིས་ཞོད་འགོག་རྒུད་སྐྱོབ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2023-07-07 ཀློག་གྲངས།:
སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་གྲོས་ཞིབ་བརྡར་གཅོད་ཇེ་དྲག་ཏུ་གཏོང་བ། བརྟག་བཤེར་ཚད་ལེན་དང་ཉེན་ཟོན་ལེགས་པོར་བསྒྲུབས་ནས་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པ་ཨང་དང་པོར་བཞག་སྟེ། ཧུར་ཐག་གིས་རིགས་སོ་སོའི་གྱོང་གུད་ཆེས་ཉུང་བར་གཏོང་དགོས་པའི་བླང་བྱ་བཏོན།

       ཟླ7པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞོད་འགོག་རྒུད་སྐྱོབ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།
       ཞི་ཅིན་ཕིང་གིས་བསྟན་དོན། ཉེ་ལམ། ཁྲུང་ཆིན་སོགས་ས་ཁུལ་དུ་དྲག་ཆར་བབས་ནས། ཆུ་བོ་ཁ་ཤས་སུ་ཉེན་ཟོན་བརྡ་རྟགས་ཡན་གྱི་ཆུ་ལོག་བྱུང་ཏེ། རི་ཉིལ་བ་དང་འདམ་རུད་སོགས་ཀྱི་ས་གཤིས་གནོད་སྐྱོན་ཐེབས་པ་དང་། མི་སྣ་མང་པོར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས།
       ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་རྒྱལ་ཡོངས་ནི་བདུན་པའི་ཟླ་སྨད་དང་བརྒྱད་པའི་ཟླ་སྟོད་ཀྱི་ཞོད་འགོག་གནད་འགག་གི་དུས་སྐབས་སུ་སླེབས་ཤིང་། གཙང་བོ་ཆེན་པོ་བདུན་གྱི་བཞུར་རྒྱུད་དེ་ཕྱོགས་ཡོངས་ནས་ཆུ་འབྲུབ་པའི་དུས་སྐབས་སུ་སླེབས་རྒྱུ་ཡིན་ལ། འབྲི་ཆུ་དང་ཧོའེ་ཧི། ཐའེ་ཧུའུ་དང་སུང་ལེའོ་སོགས་བཞུར་རྒྱུད་དུ་ཞོད་སྐྱོན་གྱི་ཉེན་ཁ་ཆེན་པོ་གནས་ཡོད། རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ། ཆུ་བེད་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་དང་གྲོས་ཞིབ་བརྡར་གཅོད་ཇེ་དྲག་ཏུ་བཏང་སྟེ་བརྟག་བཤེར་ཚད་ལེན་དང་ཉེན་ཟོན་ལེགས་པོར་བསྒྲུབས་ནས། གནད་འཁེལ་སྒོས་གཙོ་གནད་ས་ཁུལ་གྱིས་ཆུ་བོ་ཆུང་འབྲིང་གི་ཆུ་ལོག་དང་ཆུ་མཛོད་ཆུང་འབྲིང་ལ་ཉེན་ཁ་ཤོར་བ། གྲོང་ཁྱེར་ནང་ཁུལ་གྱི་ཞོད་སྐྱོན་སོགས་གནོད་སྐྱོན་འགོག་ཟོན་བྱ་བ་ལེགས་པོར་སྒྲུབ་པར་མཛུབ་སྟོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་བྱེད་དགོས།
       ཞི་ཅིན་ཕིང་གིས་རིམ་པོ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཞོད་འགོག་རྒུད་སྐྱོབ་ཀྱི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱས་ཏེ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་ཀྱིས་འཕྲལ་བསྟུན་ལས་རེས་དང་སྔོན་ལ་བཀོད་འདོམས་བྱེད་པར་ཤུགས་བསྣན་ནས། མི་དམངས་མཆོག་ཏུ་འཛིན་པ་དང་ཚེ་སྲོག་མཆོག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཡུལ་སྲུང་ལ་འགན་ཡོད་པ་དང་ཡུལ་སྲུང་ལ་འགན་ཁུར་བ། ཡུལ་སྲུང་ལ་འགན་སྒྲུབ་པ་བཅས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པ་དེ་དངོས་གནས་ཨང་དང་པོར་བཞག་སྟེ། ཧུར་ཐག་གིས་རིགས་སོ་སོའི་གྱོང་གུད་ཆེས་ཉུང་བར་གཏོང་དགོས་པའི་བླང་བྱ་བཏོན།
འབྲེལ་ཡོད་འོས་སྦྱོར།