སློབ་གྲྭ་ཆུང་འབྲིང་གི་དབྱར་གནང་དུས་ཚོད་གཏན་འཁེལ་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-07-07
ཀློག་གྲངས།:
ཟླ7པའི་ཚེས5ཉིན། གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན། 2023ལོའི་སློབ་གྲྭ་ཆུང་འབྲིང(བྱིས་གཉོར་ཁང)གི་དབྱར་གནང་དུས་ཚོད་གཏན་འཁེལ་བྱས།
ན་ནིང་གི་དཔྱིད་དུས་སློབ་སྐབས་ནང་ས་ཁུལ་དང་སློབ་གྲྭ་སོ་སོའི་སློབ་འགོ་རྩོམ་པའི་དུས་ཚོད་དེ་སྔ་དང་བསྡུར་ན་སྔོན་ལ་བསྣུར་ཡོད་ཅིང་། དེ་ནི་གཙོ་བོ2022ལོའི་སྟོན་དུས་སློབ་སྐབས་ནང་སློབ་ཁྲིད་ལ་ཆད་ལྷག་བྱུང་བར་ཁ་གསབ་དང། ན་ནིང་གི་སྟོན་དུས་དང་ད་ལོའི་དཔྱིད་དུས་སློབ་སྐབས་ཀྱི་སློབ་ཁྲིད་གཉིས་ལེགས་པོར་སྦྲེལ་ཐུབ་པར་འགན་ལེན་དང་སློབ་ཁྲིད་ཀྱི་ལས་འགན་ཡོངས་སུ་ལེགས་འགྲུབ་བྱ་ཆེད་རེད།
ས་གནས་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭ་ཆུང་འབྲིང་གིས་སློབ་ཁྲིད་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ། རྒྱལ་ཁབ་ཀྱི་སློབ་ཐུན་ཇུས་གཞི་ནན་གྱིས་ལག་བསྟར་བྱས་ནས་སློབ་ཁྲིད་དུས་ཡུན་སྟེ། འོས་འགན་སློབ་གསོའི་སློབ་ཁྲིད་གཟའ་འཁོར19ལས་ཉུང་མི་རུང་བ་དང་མཐོ་འབྲིང་གི་སློབ་ཁྲིད་གཟའ་འཁོར20ལས་ཉུང་མི་རུང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། འོས་འགན་སློབ་གསོ་སློབ་གྲྭའི་དབྱར་གནང་ནི་ཟླ7པའི་ཚེས12ལས་སྔ་མི་རུང་བ་དང་། མཐོ་འབྲིང་གི་དབྱར་གནང་གཏོང་བའི་དུས་ཚོད་ཟླ7པའི་ཚེས19ལས་སྔ་མི་རུང་། བྱིས་གཉོར་ཁང་དང་དམིགས་བསལ་སློབ་གྲྭའི་དབྱར་གནང་གི་དུས་ཚོད་རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱ་དགོས། དེ་བཞིན་དུ་མཐོ་འབྲིང་གི་མཐར་ཕྱིན་ལོ་རིམ་ཕུད། སློབ་གྲྭས་ལོ་རིམ་གཞན་དག་གི་དབྱར་གནང་དུས་ཚོད་བེད་སྤྱད་ནས་གཅིག་བསྡུས་རྩ་འཛུགས་ཐོག་གསབ་ཁྲིད་བྱ་མི་རུང་ཞིང་། མཐོ་གསུམ་མཐར་ཕྱིན་ལོ་རིམ་གྱི་གསབ་ཁྲིད་དུས་ཚོད་ཀྱང་དབྱར་གནང་གི་དུས་ཚོད་ཀྱི་སུམ་ཆའི་གཅིག་ལས་བརྒལ་མི་རུང་། 2023ལོའི་སྟོན་དུས་ཀྱི་སློབ་གྲྭ་ཆུང་འབྲིང(བྱིས་གཉོར་ཁང)གི་སློབ་འགོ་རྩོམ་པའི་དུས་ཚོད་ཟླ9པའི་ཚེས1ཉིན་ལས་འཕྱི་མི་རུང་། གཞན་ས་ཁུལ་སོ་སོས་སློབ་འགོ་རྩོམ་པའི་དུས་ཚོད་གང་འདོད་དུ་ཕྱི་འགྱངས་བྱ་མི་རུང་ངོ་། །

འབྲེལ་ཡོད་འོས་སྦྱོར།