མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་ཀྱིས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པར་རམ་འདེགས་བྱ་རྒྱུ་ཡིན་པ།
རྩོམ་པ་པོ།:ཚེ་རིང་རྒྱ་མཚོས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-07-11
ཀློག་གྲངས།:
ཟླ9པ་ནས་ཟླ10པའི་བར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པ་དང་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས4པ་ཧང་ཀྲོའུ་གྲོང་ཁྱེར་དུ་འཚོགས་རྒྱུ་ཡིན་པ་དང་། ཚོགས་ར་ཡོངས་སུ་ལྗང་མདོག་གི་གློག་ནུས་སྤྱོད་རྒྱུ་ཡིན་པ་རེད། ཟླ7པའི་ཚེས9ཉིན་ནུབ་མཚོ་སྨྱན་སྦྱོར་གྱི་གསར་འགོད་པས་ཀྲུང་གོ་ཉིང་རྡུལ་ནུས་པའི(མཚོ་སྔོན)ནུས་རྒྱུ་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན། ཀུང་སི་དེས་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ལ་ཆན་ཝ7000ལས་བརྒལ་བའི་ལྗང་མདོག་གློག་ཤུགས་ཐེངས་དང་པོ་གཏོང་རྒྱུ་ཡིན་པ་དང་། ཚང་མ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཐོན་པའི་ལྗང་མདོག་གློག་ཤུགས་ཡིན་པ་རེད།
ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དང་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པས་ལྗང་མདོག་གི་ལུས་རྩལ་འགྲན་ཚོགས་སྤེལ་བའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་གོ་ཉིང་རྡུལ་ནུས་པའི(མཚོ་སྔོན)ནུས་རྒྱུ་ཚད་ཡོད་ཀུང་སིས་ཀྲེ་ཅང་ཞིང་ཆེན་གྱིས“ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་ཕྱིར་གཏོང”གི་མཉམ་སྡེབ་རྣམ་པའི་ཐོག་ནས་ལྗང་མདོག་གློག་ཤུགས་ཉོ་ཚོང་བྱེད་པའི་གོ་སྐབས་ལ་དམ་པོར་དམིགས་ཏེ། ཧུར་ཐག་སྒོས་ཕྱོགས་གསུམ་པའི་གློག་ཤུགས་ཚོང་ལས་ཀུང་སིར་མཉམ་ལས་བྱས་ནས་ཆན་ཝ་ཁྲི7000ལས་བརྒལ་བའི་མཚོ་བོད་མཐོ་སྒང་གི་ལྗང་མདོག་གློག་ཤུགས་ལམ་ཐིག་བརྒྱུད་དེ། རྒྱུན་ཆད་མེད་པར་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ར་སོ་སོ་ནང་གློག་ཤུགས་གཏོང་རྒྱུ་ཡིན་པ་དང་། ལོ་རྒྱུས་སྟེང“ཐཱན་ཉུང་གཏོང་གི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཐོག་མར་ཉིང་རྡུལ་ནུས་པའི་ཀུང་སིའི་མཚོ་སྔོན་གྱི་ཉམས་འགྱུར་བསྐྲུན།
ལྗང་མདོག་གློག་ཤུགས་ཚང་མ་ནི་ཀྲུང་གོ་ཉིང་རྡུལ་ནུས་པའི(མཚོ་སྔོན)ནུས་རྒྱུ་ཚད་ཡོད་ཀུང་སི་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གི་ཐུང་ཙེ་དང་ཧོའུ་ཏེ། ཧའོ་ཧྲེང་འོད་ཤུགས་གློག་ཁང་བཅས་ཡིན་ཞིང་། དེ་ནི་འོད་ཤུགས་རིན་གོང་འགྲན་བསྡུར་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པ་རེད། ཀྲུང་གོ་ཉིང་རྡུལ་ནུས་རྒྱུའི(མཚོ་སྔོན)ནུས་རྒྱུ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། ཤེལ་གཟུགས་རྐྱང་པའི་འོད་ཤུགས་ལྷུ་ལག་གིས་ཉིན་རེར་ཆ་སྙོམས་གློག་ཤུགས་གཏོང་ཚད་ཆུ་ཚོད་ཆན་ཝ2.2ཟིན་ནས་ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དང་ཆུ་རྐྱལ་ཁང་གི་ནུས་རྒྱུ་བསྲི་ཚགས་ཀྱི་གློག་སྒྲོན་ཞིག་ལ་ཆུ་ཚོད220སྤྱོད་རྒྱུ་ཡོད་པ་རེད། མཁོ་འདོན་བྱས་པའི་གློག་ཆན་ཝ་ཁྲི7000ལས་བརྒལ་བའི་གློག་ལྗང་གིས་ཁྱོན་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུནཁྲི6ཙམ་ཇེ་ཉུང་དུ་འགྲོ་བ་དང་། ཐལ་རྡུལ་ཕྱིར་འབུད་བྱེད་ཚད་ཏུན་ཁྲི2ལས་བརྒལ་རྒྱུ། ལྗང་མདོག་གི་འགྲན་ཚོགས་སྤེལ་བའི་འདུ་ཤེས་ལག་ལེན་བྱས་ཏེ་རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་ལ་ཞབས་འདེགས་ཞུ་རྒྱུ་བཅས་རེད།
འགན་འཁུར་བས་ཧུར་ཐག་སྒོས་ཀྲུང་གོ་ཉིང་རྡུལ་ནུས་པའི(མཚོ་སྔོན)ནུས་རྒྱུ་ཚད་ཡོད་ཀུང་སིས་བསྐྱར་སྐྱེས་ནུས་རྒྱུའི་གློག་གཏོང་ཁ་གསབ་རེ་ཞུ་བྱས་པའི་དུས་མཚུངས་སུ། གློག་ཤུགས་ཉོ་ཚོང་ཁྲོམ་རའི་མི་མངོན་པའི་ནུས་པར་དམིགས་ཏེ། གློག་ཤུགས་ཚོང་གཉེར་གྱི་བསམ་ཕྱོགས་རྒྱུན་ཆད་མེད་པར་གསར་གཏོད་དང་ཇེ་ལེགས་སུ་གཏོང་བ་དང་། གློག་ཤུགས་ཉོ་ཚོང་གི་ཐབས་ལམ་སྣ་ཚོགས་འཚོལ་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ནུས་རྒྱུ་ཅུའུ་དང་འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་ཐོག པེ་ཅིན་གློག་ཤུགས་ཉོ་ཚོང་ལྟེ་གནས་དང་ཀྲེ་ཅང་ཞིང་ཆེན་སྲིད་གཞུང་སོགས་ཀྱི་ཐད་བརྩོན་ལེན་བྱས་པ་པ་བརྒྱུད། ཕྱོགས་མང་པོ་ནས་ཤུགས་བསྣན་ཏེ། རྒྱལ་ཁའི་ངང་ཞིང་ཆེན་ནང་ཁུལ་གྱི་རིན་གོང་འགྲན་བསྡུར་རྣམ་གྲངས་ཞིང་ཆེན་བར་གྱི་ཕྱིར་གཏོང་ནང་ཞུགས་པའི་བགྲོད་ལམ་བཏོད་དེ། མཚོ་སྔོན་ཞིང་ཆེན་གྱི་རིན་གོང་འགྲན་བསྡུར་རྣམ་གྲངས་དེ་ཀྲུང་དབྱང་ཁེ་ལས་ཀྱིས་སྐབས19པའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་ལྗང་མདོག་གློག་ཤུགས་ཉོ་ཚོང་ནང་ཞུགས་ཡོད་པ་རེད། །

འབྲེལ་ཡོད་འོས་སྦྱོར།