logo

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དངོས་སུ་མགོ་བརྩམས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོའི་ཚགས་པར། དུས་ཚོད།:2023-07-20 ཀློག་གྲངས།:
       ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རེ་སྒུག་ཁྲོད་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས24པ་དེ་རིང་གཟབ་རྒྱས་ངང་མགོ་བརྩམས།
       མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དེ་སྐྱེ་ཁམས་ཀྱི་མིང་ཐོག་ནས་ལོ་རྒྱུས་འཕེལ་རྒྱས་ཀྱི་གར་སྟེགས་སུ་བསྐྱོད་པ་དང་སྐྱེ་ཁམས་སྲུང་སྐྱོབ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད། མཚོ་སྔོན་གྱིས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“དེ་ལས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་གྱིས་ཐོན་ལས་ཀྱི“གནས་བཞི”ནུས་ཤུགས་ཡོད་རྒུས་བཏོད་དེ། འཕེལ་རྒྱས་ཀྱི་གོ་སྐབས་སྔོན་ལ་དམ་འཛིན་དང་འཕེལ་རྒྱས་ཀྱི་སྒུལ་ནུས་མངོན་པར་བྱས་ཏེ། དེང་རབས་ཐོན་ལས་ཀྱི་བཀོད་སྒྲིག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་འདྲེས་ཐུབ་པར་བྱས་ནས་ལྗང་མདོག་འཕེལ་རྒྱས་དེ་དཔལ་འབྱོར་གྱི་གཙོ་རྒྱུན་དུ་གྱུར་ཡོད།
       ལྗང་མདོག་གཙོ་ཐིག་དང་འཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་དམིགས་ནས་ད་ལོའི་བརྗོད་དོན་འགྲེམས་ཁུལ་ཆེ་གྲས་དྲུག་གིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་སྒོས་བསྐྲུན་རྒྱུ་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་བཙན་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཕྱི་རོལ་གྱི་ཐང་ཆེན་དུ་ཆིང་ནུས་ཐོན་ལས་འགྲེམས་ཁུལ་ཐོག་མར་བཙུགས་ནས་གསར་གཏོད་གྲུབ་འབྲས་དང་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་དང་ཉམས་ལེན་བྱ་རྒྱུ་རེད།
       མཚོ་སྔོན་གྱིས་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ཁྱོན་ཡོངས་ནས་མགོ་བཙུགས་ཏེ་རྨ་ཙོང་རོང་ནས་ཚྭ་འདམ་གཤོངས་སའི་བར་དང་། སྐྱེ་ཁམས་དང་འཁོར་རྒྱུག གཞི་གྲངས་སོགས་དཔལ་འབྱོར་གྱི་རྣམ་པ་སྣ་མང་དུས་གཅིག་ཏུ་འཕེལ་རྒྱས་འགྲོ་བ། མཐོ་གསར་ལག་རྩལ་དང་ས་མཐོའི་ཁྱད་ལྡན་ཞིང་ཕྱུགས། སྐྱེ་ཁམས་ཡུལ་སྐོར། གཞི་གྲངས་ཆེན་མོ་སོགས་ཐོན་ལས་ལེགས་གཏོང་འཕེལ་རྒྱས་ཁྲོད་ཀྱི་འབྲེལ་ཐག་ཏུ་འགྱུར་བཞིན་ཡོད་པས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་གྱུར་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པར་གསོན་ཤུགས་རྒྱས་ཡོད།
       དེ་རིང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ཚོ་ཙོང་ཆུའི་ངོགས་སུ་འཛོམས་ནས་དེང་རབས་ཀྱི་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཟི་ལིང་དུ་མཉམ་འཛོམས་བྱས།
འབྲེལ་ཡོད་འོས་སྦྱོར།