logo

མཚོ་ལྷོ་ཁུལ་བོད་སྨན་ཁང་གིས་བོད་སྨན་ཉམས་ལེན་ལྟེ་གནས་ཀྱི་སྒོ་འབྱེད་མཛད་སྒོ་བསྡུས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2023-07-24 ཀློག་གྲངས།:
       ཟླ7པའི་ཚེས21ཉིན། ཁུལ་བོད་སྨན་ཁང་གི་རྒྱ་སྐྱེད་བཟོ་སྐྲུན་ཏེ་མཚོ་ལྷོ་ཁུལ་བོད་སྨན་ཉམས་ལེན་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་དངོས་སུ་འཁོར་བསྐྱོད་བྱེད་མགོ་བརྩམས།
       ལྟེ་གནས་འདིའི་རྒྱ་ཁྱོན་ལ་མུའུ34ཡོད་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི7000བཏང་བ་རེད། བོད་ལུགས་གསོ་རིག་རིག་གནས་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་དང་སྙིང་ཀླད་ཁྲག་རྩའི་ཚན་ཁག བདེ་ཐང་གསོ་སྐྱོང་ཚན་ཁག་དང5Gསྨྱན་སྦྱོར་ཚོགས་འདུའི་ལྟེ་གནས་བཅས་བཙུགས་ཡོད་ལ། དེའི་ཁྲོད་ཀྱི་བོད་ལུགས་གསོ་རིག་རིག་གནས་དྲིལ་སྒྲོག་སློབ་གསོའི་རྟེན་གཞིར་ཡང་གསོ་རིག་གི་ལོ་རྒྱུས་དང་བོད་ལུགས་གསོ་རིག བོད་སྨན། རོགས་སྐྲུན་དང་སློབ་གླིང་གི་ལོ་རྒྱུས་སོགས་འགྲེམས་སྟོན་ཁང4བཙུགས་ཡོད།
       རང་ཁུལ་གྱི་བོད་སྨན་ཉམས་ལེན་ལྟེ་གནས་བཙུགས་པ་དེས་བོད་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་མ་ཟད། འགྲན་རྩོད་ཀྱི་དགེ་མཚན་ལྡན་པའི་བོད་ལུགས་གསོ་རིག་གི་ཐོན་ལས་བསྐྲུན་ཏེ། ཞིང་ཆེན་ཡོངས་ལས་གཞན་ད་དུང་རྒྱལ་ཡོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་འཕེལ་རྒྱས་ལ་ཡུལ་མཚོ་ལྷོས་བློ་གྲོས་དང་ནུས་ཤུགས་གལ་ཆེན་འདོན་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།