logo

ཆོས་དབྱིངས་སྐྱིད“གསའ་སྲུང་སྐྱོབ་ཁྱབ་གདལ་གྱི་ཕོ་ཉ་ཆེན་མོར”གདན་ཞུ་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2023-10-25 ཀློག་གྲངས།:
       ཟླ10པའི་ཚེས23ཉིན། ཨོ་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན“ཆོས་དབྱིངས་སྐྱིད་གསའ་ཁྱབ་སྲུང་སྐྱོབ་ཁྱབ་གདལ་གྱི་ཕོ་ཉ་ཆེན་མོར”གདན་ཞུ་བྱས་པ་རེད།
       ཆོས་དབྱིངས་སྐྱིད་ཀྱིས་འདི་སྐད། རང་ཉིད་གསའ་སྲུང་སྐྱོང་དཔུང་ཁག་གི་ཁོངས་མི་ཞིག་ཏུ་གྱུར་པར་ཧ་ཅང་དགའ་ཡོད། ང་ཚོ་གསའ་དང་མཉམ་དུ་མཚོ་བོད་མཐོ་སྒང་གི་ས་གཞི་ཆེན་མོར་འཚོ་ཞིང་གནས་པས། མཚོ་བོད་མཐོ་སྒང་གི་བྱིས་པ་ཞིག་ཡིན་པའི་ངོས་ནས། གསའ་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་འགྱུར་ཐུབ་པ་ནི་ང་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན། “གསའ་སྲུང་སྐྱོབ་དང་ཁྱིམ་གཞིས་སྲུང་སྐྱོང་”ནི་ང་ཚོ་མཐོ་སྒང་དུ་གནས་པའི་མི་ཡོངས་ཀྱི་འགན་འཁྲི་དང་ལས་འགན་ཡིན། འདིར་ཚང་མ་དང་མཉམ་དུ་གསའ་སྲུང་སྐྱོང་ལ་འབོད་སྐུལ་བཏང་ནས། གསའ་སྲུང་སྐྱོང་གི་བྱ་གཞག་དར་སྤེལ་ལ་གཅེས་སེམས་དང་སྟོབས་ཤུགས་སྔར་ལས་ལྷག་པ་གཅིག་ཏུ་བསྡུས་ཏེ། “གསའ་སྲུང་སྐྱོང་གི་ལམ་དུ་ང་ཚོ་མཉམ་དུ་སྐྱོད”ཅེས་པ་ལྟར་ཕན་ཚུན་ལག་གདང་སྦྲེལ་ནས་གསའ་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་གྲལ་དུ་ཞུགས་དགོས་ཟེར།
མཚོ་བོད་མཐོ་སྒང་གི་གསའ་སྲུང་སྐྱོབ་མནའ་འབྲེལ་གྱིlogo
       གཞན་ཡང་། ཉིན་དེར་མཚོ་བོད་མཐོ་སྒང་གི་གསའ་སྲུང་སྐྱོབ་མནའ་འབྲེལ་གྱིlogoདང་བཀྲ་ཤིས་གཡང་རྟེན་ཡང་དངོས་སུ་ཁྱབ་སྒྲོག་བྱས་པ་རེད།
བཀྲ་ཤིས་གཡང་རྟེན།
འབྲེལ་ཡོད་འོས་སྦྱོར།