མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་བྱ་བའི་ཚོགས་འདུ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-10-31
ཀློག་གྲངས།:

ཉེ་སྔོན། མཚོ་ལྷོ་ཁུལ་ཚན་རྩལ་ཅུའུ་ཡིས་རྫོང་ཁག་སོ་སོའི་ཚན་རྩལ་དོ་དམ་སྡེ་ཁག་གི་འགན་ཁུར་པ་དང་། ཚན་རྩལ་ཆེད་མངགས་པའི་ལས་དོན་ས་ཚིགས་ཀྱི་མགོ་ཁྲིད། གུང་ཧོ་རྫོང་གི་ཚན་རྩལ་ཆེད་མངགས་ཚོགས་པའི་ཚོགས་གཙོ་བཅས་སྒྲིག་འཛུགས་བྱས་ནས་ཁུལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་བྱ་བའི་ཡུལ་དངོས་ཀྱི་ལྟ་སྦྱོང་ཚོགས་འདུ་བསྡུས་པ་དང་། བྱེད་སྒོའི་ནང་ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གདན་འདྲེན་ཞུས་ཏེ། ཉིན་བཞིའི་དུས་ཚོད་བེད་སྤྱད་དེ་རྫོང་ཁག་ལྔའི་ཡུལ་དངོས་སུ་སོང་ནས་ཁེ་ལས་དང་མཉམ་ལས་ཁང་། ཚན་རྩལ་དཔེ་སྟོན་རྟེན་གཞི18ལྷག་ལ་ལྟ་ཞིབ་བྱས་རྗེས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་གཏམ་གླེང་བྱས་པ་རེད།

བཞུགས་མོལ་ཚོགས་འདུའི་སྟེང་ཚང་མས་ཡུལ་དངོས་སུ་ལྟ་སྦྱོང་བྱས་པའི་གནས་ཚུལ་ལ་དམིགས་ནས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་གླེང་བ་དང་ངོས་འཛིན་གྲོས་བསྡུར་བྱེད་པ། བསམ་ཕྱོགས་མཉམ་སྤྱོད་བཅས་བྱས་ནས་ཚན་རྩལ་མཉམ་ལས་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་སླད་ཕྱིན་ཁུལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་ཆེད་མངགས་པའི་ནུས་པ་འདོན་སྤེལ་ཡག་པོ་དང་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་རིམ་པ་བཞིའི་ཆ་ནས་བླང་བྱ་བཏོན་པ་རེད། རྫོང་སོ་སོའི་ཚན་རྩལ་དོ་དམ་སྡེ་ཁག་གིས་ལས་དོན་ཁག་སྔར་ལས་ལྷག་པའི་སྒོ་ནས་ཏན་ཏིག་སྒོས་སྒྲུབ་པ་དང་། ཧུར་བརྩོན་ཆེན་པོས་རྫོང་ཨུའི་རྫོང་སྲིད་གཞུང་ལ་སྙན་སེང་ཞུས་ནས་རྒྱབ་སྐྱོར་སྔར་ལས་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཚན་རྩལ་ཆེད་མངགས་པས་ལས་དོན་སྒྲུབ་པར་བྱ་བའི་ཁོར་ཡུག་བཟང་པོ་དང་དགོས་ངེས་ཀྱི་འཚོ་བའི་འགན་སྲུང་བསྐྲུན་དགོས་པ་དང་། སང་ལོའི་ཚན་རྩལ་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ནས་ཁུལ་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་ཡོང་དགོས་པར་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་འོས་སྦྱོར།