logo

ཤུལ་དངོས་རྩ་ཆེན་ཁྲི་ཕྲག་ལ་མཇལ་ནས་རྨ་ཙོང་རིག་གནས་ལ་མྱོང་རོལ་བྱེད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2023-12-13 ཀློག་གྲངས།:
       ཧུང་ཀྲུང་ཆུས་རྨ་ཙོང་རིག་གནས་དངོས་མང་བཤམས་སྟོན་ཁང་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན་པ་དང་། རིག་དངོས10019ཉར་ཚགས་བྱས་ཡོད་ལ། སྤྱིའི་བཟོ་བཀོད་ཀྱི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི11142.25ཡོད། ཁང་བརྩེགས་ལ་ཐོག་སོ་གསུམ་ཡོད་དེ། ཐོག་སོ་དང་པོ་གནས་སྐབས་འགྲེམ་ཁང་དང་། ཐོག་སོ་གཉིས་པ«ཧུང་ཀྲུང་གི་ལོ་རྒྱུས་རིག་དངོས་འགྲེམ་སྟོན»ཡིན། ཐོག་སོ་གསུམ་པ«ཧུང་ཀྲུང་གི་དམངས་སྲོལ་འགྲེམ་སྟོན»དང«རྨ་ཙོང་གི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འགྲེམ་སྟོན»སོགས་ཡོད། ཟླ11ཚེས30ཉིན་ཟི་ལིང་གྲོང་ཁྱེར་ཧུང་ཀྲུང་ཆུས་རྨ་ཙོང་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་འགྲེལ་བཤད་པའི་རྗེས་འབྲངས་ནས་རྨ་ཙོང་རིག་གནས་ཀྱི“གནའ་དེང་གི་ལོ་རྒྱུས”ལ་རྒྱུས་ལོན་བྱས།
       “ཉར་དངོས་དེ་ནི་སྦལ་རིས་རྣ་གཉིས་ཅན་གྱི་ཚོན་རྫ་རིགས་ཡིན་ཏེ། དེ་ནི་རྡོ་ཆས་གསར་པའི་དུས་ཀྱི་ཡིན་ཞིང་། མཱ་ཚང་གི་རྫ་ཆས་རིག་གནས་ཀྱི་ཁོངས་སུ་གཏོགས། མཱ་ཚང་གི་རྫ་ཆས་རིག་གནས་རིགས་ནི་རང་བྱུང་ཁམས་ཀྱི་གཙང་བོ་དང་མཚོ་མོ་ལ་སོགས་ཀྱི་རྣམ་པ་གསོན་ཉམས་ལྡན་པས་ཞིབ་འབྲི་བྱས་ཡོད་པ་ཞིག་ཡིན་ལ། རླབས་རྒྱུན་དྲག་ཏུ་འཕྱོ་བའི་རི་མོས་མཱ་ཚང་གི་རྫ་ཆས་ནི་གདོད་མའི་མེས་བོ་དག་གིས་རང་བྱུང་ཁམས་ལ་དད་མོས་བྱེད་ཅིང་། ཚེ་སྲོག་གི་འབྱུང་གཞི་ལ་གུས་འདུད་བྱེད་པ་མཚོན་པར་མ་ཟད། གདོད་མའི་མེས་པོ་རྣམས་ཀྱིས་རང་རང་གི་རུས་རྒྱུད་ཚོ་བ་དེ་ཆུ་བོའི་རྒྱུན་བཞིན་འཕེལ་ཞིང་རྒྱས་པའི་སྨོན་འདུན་ཡང་མཚོན་ཡོད་ཟེར།
       «ཧུང་ཀྲུང་གི་ལོ་རྒྱུས་རིག་དངོས་འགྲེམ་སྟོན»ཞེས་པ་དེ་སྔོན་འགྲོ་དང་། གདོད་མའི་རིག་གནས། ཆའང་མིའི་ཁྱིམ་གཞིས་སོགས་ཁག་བདུན་ཕྱེས་ཡོད་དེ། མཱ་ཚང་གི་རྫ་ཆས་རིག་གནས་དང་། ཆི་ཚང་གི་རིག་གནས་ནས་ཁ་ཡོ་རིག་གནས་བར། ཆའང་མིའི་བྱུང་འཕེལ་དང་མཆེད་ཁོངས། དེ་མིན་དེང་གི་རྒྱ་རིགས་དང་། བོད་རིགས། ཧོར་རིགས། དབྱི་རིགས། ན་ཞིས་རིགས་བཅས་ཀྱི་འབྲེལ་བ་དང་། ཆའང་གི་གནའ་མཁར་ནས་ལྷོ་ཡི་དར་གོས་ཚོང་ལམ་བར་དང་། ཐང་བོད་གནའ་ལམ་ནས་མེང་དང་ཆིང་གི་ལྕགས་རི་རིང་པོ་བཅས་བར་གྱི་ལོ་རྒྱུས་རིག་དངོས་མཚམས་སྦྱོར་ལ་བརྟེན་ནས་མི་རིགས་ཁག་གི་ལོ་རྒྱུས་དང་རིག་གནས་མཉམ་བསྲེས་གོང་སྤེལ་གྱི་བརྒྱུད་རིམ་མངོན་ཡོད།
       ‘ཡུལ་དངོས་བསྐྱར་གསོ་དང་རིག་དངོས་ཟུང་འབྲེལ’གྱི་འགྲེམ་སྟོན་རྣམ་པ་སྤྱད་དེ། མྱོས་ཆང་བསྙལ་སྟངས་དང་། བོད་གདན་བཟོ་སྣོན། གསེང་ཟངས་ཀྱི་ཡོ་ཆས་བཟོ་སྣོན་ལ་སོགས་ལག་ཤེས་ལག་རྩལ་འགྲེམ་སྟོན་སོགས་ཀྱང་དེར་ཕེབས་ཀྱི་ཡུལ་སྐོར་པས་མིག་མདུན་དུ་བཤམས་ནས་མྱོང་རོལ་བྱེད་དུ་བཅུག་ཡོད།
འབྲེལ་ཡོད་འོས་སྦྱོར།