logo

བོད་ལྗོངས་ཟློས་གར་ཁང་ཆེན་མོ་དངོས་སུ་སྤྱོད་འགོ་ཚུགས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-12-19 ཀློག་གྲངས།:
       ཟླ12ཚེས15ཉིན། བོད་ལྗོངས་ཟློས་གར་ཁང་ཆེན་མོར་འཁྲབ་སྟོན་ཐེངས་དང་པོ་བྱེད་པའི་བྱེད་སྒོ་ལེགས་པར་གཉེར་བ་དང་། དེའི་ཐོག་ནས་བོད་ལྗོངས་ཀྱི་རིག་གནས་ཀྱི་ས་གནས་མཚོན་རྟགས་ཏེ་བོད་ལྗོངས་ཟློས་གར་ཁང་ཆེན་མོ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།
       བོད་ལྗོངས་ཟློས་གར་ཁང་ཆེན་མོའི་ཇུས་འགོད་འདུ་ཤེས་ནི་ཧན་རྒྱལ་རབས་དང་ཐང་རྒྱལ་རབས་ཀྱི་བཟོ་སྐྲུན་ཁྱད་ཆོས་གཙོ་བོར་བྱས་པ་དང་། སྒྲུབ་བྱེད་གསུམ་ལྡན་མའི་དབྱེ་འབྱེད་དང་བརྟན་ཞིང་བརླིང་བའི་རྡོ་རྒྱུ་རྟེན་གཞིར་བྱས་ནས་བརྗིད་ཉམས་ལྡན་པའི་བཟོ་སྐྲུན་གཟུགས་བརྙན་བཏོད་ཡོད། དེར་དུས་རབས་ཀྱི་ཁྱད་ཆོས་དང་། བོད་ལྗོངས་ཀྱི་ཁྱད་ཆོས། རིག་གནས་ཀྱི་ཁྱད་ཆོས་བཅས་མཉམ་དུ་འདྲེས་ཡོད་ཅིང་། བོད་ལྗོངས་ལ་ཞིང་ཆེན་རིམ་པའི་ཚད་ལྡན་ཟློས་གར་ཁང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཡོད་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཟློས་གར་ཁང་ཆེན་མོ་དེ་ཉིད་རིག་རྩལ་འཁྲབ་སྟོན་དང་། འདུ་ཚོགས། རིག་གནས་བྱ་གཞག་ཁྱབ་གདལ་དང་སྤེལ་རེས། སྲིད་འཛིན་དོ་དམ་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ལྟེ་གནས་ཤིག་ཏུ་འགྱུར་རྒྱུ་རེད། མི་རིང་བར། བོད་ལྗོངས་ཟློས་གར་ཁང་ཆེན་མོར་གླུ་གར་དང་། རོལ་མོའི་ཟློས་གར། གཏམ་བརྗོད་ཟློས་གར། ཁྲང་ཞི། མཉམ་སྒྲོག་རོལ་དབྱངས། རིག་རྩལ་ཁྱབ་གདལ་སློབ་ཚན། རིག་རྩལ་མཉམ་འཛོམས་འཁྲབ་སྟོན་སོགས་ཀྱི་རིག་གནས་བྱེད་སྒོ་དང་སྒྱུ་རྩལ་འཁྲབ་སྟོན་སྣ་ཚོགས་རེས་མོས་ངང་འཁྲབ་སྟོན་བྱས་ཏེ་རྣམ་པ་སྣ་ཚོགས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།