ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2024-03-15
ཀློག་གྲངས།:
ཏུའུ་ལན་རྫོང་ནས་ལམ་ལ་ཆས་ཤིང་། རླངས་འཁོར་བསྐོར་ཏེ་ཁྲ་ཧན་ཝུའུ་སུའུ་ཆུ་བོའི་བྱང་འགྲམ་དེད་ནས་ཕྱིན་ན། སྒང་གཤོང་མི་སྙོམ་པའི་རི་ཚོགས་ཀྱིས་ཆུ་ཁོལ་གྲོག་རོང་ཡོངས་སུ་བསྐོར་ཡོད་ཅིང་། ནོར་ལུག་རྣམས་རི་ལྡེབས་ཀུན་ཏུ་རྒྱུ། ཆུ་ཁོལ་ཞང་རྫ་དམར་སྡེ་བའི་སྡེ་དམངས་རྡོ་རྗེ་ཚེ་བརྟན་གྱིས“རྒན་རབས་པ་རྣམས་ཀྱིས་བཤད་པ་ལྟར་ན། ས་འདི་སྔོན་ཆད་རྩྭ་ཆུ་འཛོམས་པའི་འབྱོར་ཕྱུག་གི་གནས་ཤིག་ཡིན་ཟེར”ཞེས་བཤད་བྱུང་།
གསར་འགོད་པས་ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོར་ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རུ་ཁག་གིས་ཆུ་ཁོལ་བང་སོའི་ཚོམ་གྱི་བྱང་གི་ཁུལ་དང་པོའི་ཨང་རྟགསM37པར(ཡོངས་གྲགས་སུ“ལུག་ར་བང་སོ”ཞེས་འབོད)ཞིབ་ཚགས་ཅན་གྱི་གནའ་དཔྱད་སྔོག་འདོན་བྱས་པ་དང་། སྔོག་འདོན་བརྒྱུད“ལུག་ར་བང་སོ”ཡི་ས་ངོས་བང་སོའི་ཚལ་གྱི་བཟོ་བཀོད་ནི2018ཤེའུ་བང་སོ་ཨང་རྟགས་དང་པོ་དང་འདྲ་ཞིང་གཞི་ཁྱོན་དེ་ལས་ཆེ་བ་ཤེས་རྟོགས་བྱུང་ལ། དེ་ནི་མིག་སྔར་གསར་རྙེད་བྱུང་བའི་ཆུ་ཁོལ་བང་སོའི་ཚོམ་གྱི་གཞི་ཁྱོན་ཆེས་ཆེ་བའི་བང་སོའི་ཚལ་ཞིག་ཡིན་འདུག
གནའ་དཔྱད་ཆེད་མཁས་པ་ལྟར་ན། ཐེངས་འདིའི་གསར་རྙེད་བརྒྱུད་དེ“ལུག་ར་བང་སོ”ནི་ཆུ་ཁོལ་བང་སོའི་ཚོམ་ཙམ་མ་ཡིན་པར། མདོ་དབུས་མཐོ་སྒང་ཧྲིལ་བོའི་མིག་སྔའི་བཀོད་པ་ཆེས་ཆ་ཚང་བ་དང་གྲུབ་ཚུལ་ཆེས་གསལ་བའི་མཐོ་རིམ་བང་སོའི་ཚལ་ཞིག་ཡིན་པར་མ་ཟད། ཀྲུང་གོའི་གནའ་བོའི་བང་སོའི་ལམ་ལུགས་གནའ་དཔྱད་ཀྱི་གསར་རྙེད་གལ་ཆེན་ཞིག་ཀྱང་ཡིན་པ་རིག་འདེད་བྱས་ཏེ་གཏན་ཁེལ་བྱས་ཆོག
ཆུ་ཁོལ་བང་སོའི་ཚོམ་གྱི་གནའ་དཔྱད་ནི་སྟེས་དབང་ཞིག་ནས་མགོ་བརྩམས་པ་ཡིན་ཏེ། 1982ལོར། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་ཁང་གི་མགོ་གཙོ་སྔོན་མ་ཞུས་ཞིན་ཀུའོ་དང་ཁོའི་ལས་གྲོགས་ཏུའུ་ལན་དུ་བྲག་བརྐོས་རི་མོར་བརྟག་དཔྱད་བྱེད་པར་འགྲོ་སྐབས་འབྲོག་པ་རྟ་ལོ་ཚང་ནས་ཞག་འདུག་བྱས་པ་དང་། རྟ་ལོའི་ངག་ནས་ཁྲ་ཧན་ཝུའུ་སུའུ་ཆུ་བོའི་འགྲམ་གཉིས་སུ་བང་སོ་མང་པོ་ཡོད་པ་ཤེས་རྟོགས་བྱུང་།
ཞུས་ཞིན་ཀུའོ་ཡིས“2018ཤེའུ་བང་སོ་ཨང་རྟགས་དང་པོ་གཞི་ཁྱོན་ཆེ་ལ་བརྗིད་ཉམས་ལྡན་པ་དང་། མཐའ་འཁོར་དུ་ད་དུང་ཆེ་ཆུང་མི་འདྲ་བའི་བང་སོ་མང་པོ་ཐར་ཐོར་དུ་ཡོད། འདི་ལྟ་བུའི་བང་སོ་ཆེན་མོ་ཞིག་ང་ཚོས་ཀྱང་ཐོག་དང་པོར་མཐོང་བ་ཡིན་པས། བང་སོའི་བརྗིད་ཉམས་ཀྱིས་དེར་ཡོད་ཀྱི་མི་ཚང་མ་ཧད་དེ་ལུས་སུ་བཅུག”ཅེས་བརྗོད།
ལོ་ངོ་བཞི་ལ་སྔོག་འདོན་བྱས་པ་བརྒྱུད། གནའ་དཔྱད་ཨང་གྲངས“M1”ཅན་གྱི་ཤེའུ་བང་སོ་ཨང་རྟགས་དང་པོ་ནས་ཐོན་པའི་རིག་དངོས་རྩ་ཆེན་མང་པོས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྨྲ་བའི་སྡེ་ལ་གྲགས་འགུལ་ཆེན་པོ་བསླངས་ཤིང་། 1996ལོར། ཆུ་ཁོལ་བང་སོ་དེ་རྒྱལ་ཡོངས་ཀྱི་གནའ་དཔྱད་གསར་རྙེད་ཆེན་པོ་བཅུའི་གྲས་སུ་ཚུད།
2018ལོར། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གནའ་དཔྱད་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་ཁང་གཉིས་ཀྱི་མཉམ་འབྲེལ་གནའ་དཔྱད་རུ་ཁག་གིས་སྔོན་ཆད་བསྔོགས་བཅོམ་ཐེབས་པའི2018ཤེའུ་བང་སོ་ཨང་རྟགས་དང་པོ་ལ་མྱུར་སྐྱོབ་རྣམ་པའི་སྔོག་འདོན་བྱས། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གནའ་དཔྱད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རུ་ཁག་གི་རུ་གཙོ་ཧན་ཅན་ཧྭ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། 2018ཤེའུ་བང་སོ་ཨང་རྟགས་དང་པོ་ནི་ཆུ་ཁོལ་བང་སོའི་ཚོམ་ཙམ་མ་ཡིན་པར། མདོ་དབུས་མཐོ་སྒང་ཧྲིལ་བོའི་མིག་སྔའི་བར་གྱི་བཀོད་པ་ཆེས་ཆ་ཚང་ལ་གྲུབ་ཚུལ་ཆེས་གསལ་བ། བཟོ་བཀོད་ཆེས་རྙོག་འཛིང་ཆེ་བའི་མཐོ་རིམ་བང་སོ་ཞིག་རེད།
རྒྱུས་ལོན་བྱུང་བ་ལྟར་ན། 2018ཤེའུ་བང་སོ་ཨང་རྟགས་དང་པོ་ལས་བསྡོམས་པས་གསེར་དངུལ་གྱི་ཆས་དང་། ཟངས་ཆས། ལྕགས་ཆས། ཤིང་ཆས། ཀོ་བ། གཡང་ཊིའི་ཆས། ཤེལ་ཆས། འཐག་དངོས་སོགས་རིག་དངོས1000ལྷག་བུད་པ་དང་། ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། ཆུ་ཁོལ་བང་སོའི་ཚོམ་ནི་དུས་རབས6པ་ནས8པའི་བར་གྱི་བང་སོའི་ཚོམ་གལ་ཆེན་ཞིག་ཡིན་ལ། དེ་ལས་བུད་པའི་རིག་དངོས་མང་པོས་བྱང་གི་རྒྱལ་རབས་ནས་སུའེ་ཐང་རྒྱལ་རབས་ཀྱི་བར་སྐབས་སུ་མཚོ་སྔོན་ནི་དར་གོས་ཚོང་ལམ་གྱི་ཡན་ལག་གལ་ཆེན་ཞིག་ཡིན་པ་དང་། ཏུའུ་ལན་ནི་ཤར་ནུབ་བར་གྱི་ཚོང་དོན་ས་ཚིགས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད།
ཧན་ཅན་ཧྭ་ཡིས“ཆུ་ཁོལ་བང་སོའི་ཚོམ་ནི་དར་གོས་ཚོང་ལམ་གྱི་མཚོ་སྔོན་ལམ་ཐིག་སྟེང་གི་བང་སོའི་ཤུལ་དངོས་གལ་ཆེན་ཞིག་ཡིན་པར་མ་ཟད། ཤར་ནུབ་རིག་གནས་ཀྱི་འབྲེལ་འདྲིས་དང་སིམ་འཛུལ། གདོང་གཏུག བརྗེ་རེས་བཅས་ཀྱི་བདེན་དཔང་གལ་ཆེན་ཞིག་ཀྱང་ཡིན་པ་དང་། 2018ཤེའུ་བང་སོ་སྔོག་འདོན་བྱས་པ་ཡིས་དར་གོས་ཚོང་ལམ་ལ་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་གསར་བ་ཞིག་གི་སྒོ་ཕྱེ་བ་ཡིན”ཞེས་བརྗོད།
2021ལོའི་ཟླ4པར། 2018ཤེའུ་བང་སོ་ཨང་རྟགས་དང་པོ་དེ2020ལོའི་རྒྱལ་ཡོངས་གནའ་དཔྱད་གསར་རྙེད་ཆེན་མོ་བཅུའི་གྲས་སུ་ཚུད་པ་དང་། ལོ་དེའི་ཟླ10པར། མཚོ་སྔོན་ཏུའུ་ལན་བང་སོའི་ཚོམ་དེ་ལོ་བརྒྱའི་གནའ་དཔྱད་གསར་རྙེད་ཆེན་མོ་བརྒྱ་ཡི་གྲས་སུ་ཚུད།
སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧའོ་ཝེ་ཡིས་བསྟན་དོན། ཤེའུ་བང་སོ་ཨང་རྟགས་དང་པོ་ལས་བུད་པའི་གསེར་ཆས་ཀྱི་བཟོ་རྩལ་དང་། མི་སྣའི་སྣང་བརྙན་ཅན་གྱི་གསེར་ལེབ་ཀྱི་བཟོ་རྩལ་སོགས་ལ་བྱང་ཕྱོགས་རྩྭ་ཐང་ས་ཁུལ་དང་རྒྱ་ནག་དབུས་ཁུལ་ཕྱོགས་གཉིས་ཀའི་ཤུགས་རྐྱེན་ཐེབས་ཡོད་པའི་སྲིད་ཕྱོད་ཆེ་ལ། དེར་མ་ཟད་ཚོན་རྩིའི་ཡོ་བྱད་དང་ལི་ཆས་ཀྱི་བཟོ་རྩལ་ཡང་ཕལ་ཆེར་ཐང་རྒྱལ་རབས་སྐབས་སུ་རྒྱ་ནག་དབུས་ཁུལ་ནས་འོངས་པ་ཡིན་སྲིད།
ལན་ཀྲུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཙོང་ཁ་ཡོན་ཏན་མགོན་པོ་ཡིས“ཆུ་ཁོལ་བང་སོ་ལས་བཏོན་པའི་དར་གོས་དང་གསེར། དངུལ་ཆས་སོགས་རིག་དངོས་ཐམས་ཅད་སྐབས་དེའི་ཡ་གླིང་དབུས་ཁུལ་དང་ནུབ་ཁུལ་གྱི་རིག་གནས་དང་འབྲེལ་བ་ཡོད་ལ། དུར་སྒམ་དེ་ཚོའི་སྟེང་གི་གྲུ་གུ་བ་དང་པར་སིག་གི་རིག་གནས་སོགས་ཚང་མ་ལོ་རྒྱུས་ཀྱི་ཆ་འཕྲིན་གལ་ཆེན་རྒྱུད་སྤྲོད་བྱེད་པའི་རིག་གནས་སྨྱན་བྱེད་རིགས་ཤིག་ཏུ་གྱུར་ཡོད”ཅེས་བརྗོད།
ཏུའུ་ལན་རྫོང་དངོས་མང་བཤམས་སྟོན་ཁང་དུ་ལྟད་མོར་ཕྱིན་པ་ན། ཆུ་ཁོལ་བང་སོའི་གནའ་དཔྱད་མགོ་བརྩམས་ཏེ་ལོ་འཁོར40འགོར་བའི་རྗེས་དྲན་འགྲེམ་སྟོན་གྱི་ཁྲོད་དུ། རྒྱ་ནག་དབུས་ཁུལ་དང་ཡ་གླིང་དབུས་མ། ཡ་གླིང་ནུབ་མ། ཡ་གླིང་ལྷོ་མ་བཅས་ཀྱི་རིག་གནས་ཀྱི་མཚོན་རྟགས་ལྡན་པའི་རིག་དངོས་སྤུས་དག་མང་པོ་ཁུ་སིམ་མེར་བཀྲམས་འདུག
མིག་གིས་ཕར་ལ་བལྟས་ན། མཐོ་ཞིང་བརྗིད་པའི་ས་དེའུ་ཆེན་པོ་ཞིག་མིག་ལམ་དུ་མངོན་འོངས་ལ། “སྲིན་པོའི་མཆོད་རྟེན་དགུ་བརྩེགས”དང“ཤར་ཕྱོགས་ཀྱི་གཏོར་གཟུགས་མཆོད་རྟེན”སོགས་ཀྱི་འབོད་མིང་འདི་དག་གིས་བང་སོའི་ཚོམ་འདི་ལ་གསང་བ་ངོ་མཚར་གྱི་ཁ་དོག་སྣ་ཚོགས་བྱུགས་ཡོད།
འདི་ནི་ཆུ་ཁོལ་བང་སོའི་ཚོམ་གྱི་བྱང་ཁུལ་སྔོག་འདོན་བྱས་པའི་ཁག་རེད། པར་རིས་ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རུ་ཁག་གིས་འདོན་སྤྲོད་བྱས།
ཆུ་ཁོལ་བང་སོའི་ཚོམ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཆུ་ཁོལ་ཞང་གི་ཁོངས་སུ་ཡོད་ལ། བང་སོའི་ཚོམ་ནི་ཆུ་ཁོལ་ཞང་ཁྲ་ཧན་ཝུའུ་སུའུ་ཆུ་བོའི་ལྷོ་བྱང་འགྲམ་གཉིས་སུ་ཁྱབ་ཡོད་པ་དང་། མང་ཆེ་བ་མཚོ་འཕགས་སྨི3400ནས3500ཡི་བར་ན་ཡོད།གསར་འགོད་པས་ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོར་ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རུ་ཁག་གིས་ཆུ་ཁོལ་བང་སོའི་ཚོམ་གྱི་བྱང་གི་ཁུལ་དང་པོའི་ཨང་རྟགསM37པར(ཡོངས་གྲགས་སུ“ལུག་ར་བང་སོ”ཞེས་འབོད)ཞིབ་ཚགས་ཅན་གྱི་གནའ་དཔྱད་སྔོག་འདོན་བྱས་པ་དང་། སྔོག་འདོན་བརྒྱུད“ལུག་ར་བང་སོ”ཡི་ས་ངོས་བང་སོའི་ཚལ་གྱི་བཟོ་བཀོད་ནི2018ཤེའུ་བང་སོ་ཨང་རྟགས་དང་པོ་དང་འདྲ་ཞིང་གཞི་ཁྱོན་དེ་ལས་ཆེ་བ་ཤེས་རྟོགས་བྱུང་ལ། དེ་ནི་མིག་སྔར་གསར་རྙེད་བྱུང་བའི་ཆུ་ཁོལ་བང་སོའི་ཚོམ་གྱི་གཞི་ཁྱོན་ཆེས་ཆེ་བའི་བང་སོའི་ཚལ་ཞིག་ཡིན་འདུག
གནའ་དཔྱད་ཆེད་མཁས་པ་ལྟར་ན། ཐེངས་འདིའི་གསར་རྙེད་བརྒྱུད་དེ“ལུག་ར་བང་སོ”ནི་ཆུ་ཁོལ་བང་སོའི་ཚོམ་ཙམ་མ་ཡིན་པར། མདོ་དབུས་མཐོ་སྒང་ཧྲིལ་བོའི་མིག་སྔའི་བཀོད་པ་ཆེས་ཆ་ཚང་བ་དང་གྲུབ་ཚུལ་ཆེས་གསལ་བའི་མཐོ་རིམ་བང་སོའི་ཚལ་ཞིག་ཡིན་པར་མ་ཟད། ཀྲུང་གོའི་གནའ་བོའི་བང་སོའི་ལམ་ལུགས་གནའ་དཔྱད་ཀྱི་གསར་རྙེད་གལ་ཆེན་ཞིག་ཀྱང་ཡིན་པ་རིག་འདེད་བྱས་ཏེ་གཏན་ཁེལ་བྱས་ཆོག
ཆུ་ཁོལ་བང་སོའི་ཚོམ་གྱི་གནའ་དཔྱད་ནི་སྟེས་དབང་ཞིག་ནས་མགོ་བརྩམས་པ་ཡིན་ཏེ། 1982ལོར། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་ཁང་གི་མགོ་གཙོ་སྔོན་མ་ཞུས་ཞིན་ཀུའོ་དང་ཁོའི་ལས་གྲོགས་ཏུའུ་ལན་དུ་བྲག་བརྐོས་རི་མོར་བརྟག་དཔྱད་བྱེད་པར་འགྲོ་སྐབས་འབྲོག་པ་རྟ་ལོ་ཚང་ནས་ཞག་འདུག་བྱས་པ་དང་། རྟ་ལོའི་ངག་ནས་ཁྲ་ཧན་ཝུའུ་སུའུ་ཆུ་བོའི་འགྲམ་གཉིས་སུ་བང་སོ་མང་པོ་ཡོད་པ་ཤེས་རྟོགས་བྱུང་།
ཞུས་ཞིན་ཀུའོ་ཡིས“2018ཤེའུ་བང་སོ་ཨང་རྟགས་དང་པོ་གཞི་ཁྱོན་ཆེ་ལ་བརྗིད་ཉམས་ལྡན་པ་དང་། མཐའ་འཁོར་དུ་ད་དུང་ཆེ་ཆུང་མི་འདྲ་བའི་བང་སོ་མང་པོ་ཐར་ཐོར་དུ་ཡོད། འདི་ལྟ་བུའི་བང་སོ་ཆེན་མོ་ཞིག་ང་ཚོས་ཀྱང་ཐོག་དང་པོར་མཐོང་བ་ཡིན་པས། བང་སོའི་བརྗིད་ཉམས་ཀྱིས་དེར་ཡོད་ཀྱི་མི་ཚང་མ་ཧད་དེ་ལུས་སུ་བཅུག”ཅེས་བརྗོད།
ལོ་ངོ་བཞི་ལ་སྔོག་འདོན་བྱས་པ་བརྒྱུད། གནའ་དཔྱད་ཨང་གྲངས“M1”ཅན་གྱི་ཤེའུ་བང་སོ་ཨང་རྟགས་དང་པོ་ནས་ཐོན་པའི་རིག་དངོས་རྩ་ཆེན་མང་པོས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྨྲ་བའི་སྡེ་ལ་གྲགས་འགུལ་ཆེན་པོ་བསླངས་ཤིང་། 1996ལོར། ཆུ་ཁོལ་བང་སོ་དེ་རྒྱལ་ཡོངས་ཀྱི་གནའ་དཔྱད་གསར་རྙེད་ཆེན་པོ་བཅུའི་གྲས་སུ་ཚུད།
2018ལོར། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གནའ་དཔྱད་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་ཁང་གཉིས་ཀྱི་མཉམ་འབྲེལ་གནའ་དཔྱད་རུ་ཁག་གིས་སྔོན་ཆད་བསྔོགས་བཅོམ་ཐེབས་པའི2018ཤེའུ་བང་སོ་ཨང་རྟགས་དང་པོ་ལ་མྱུར་སྐྱོབ་རྣམ་པའི་སྔོག་འདོན་བྱས། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གནའ་དཔྱད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རུ་ཁག་གི་རུ་གཙོ་ཧན་ཅན་ཧྭ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། 2018ཤེའུ་བང་སོ་ཨང་རྟགས་དང་པོ་ནི་ཆུ་ཁོལ་བང་སོའི་ཚོམ་ཙམ་མ་ཡིན་པར། མདོ་དབུས་མཐོ་སྒང་ཧྲིལ་བོའི་མིག་སྔའི་བར་གྱི་བཀོད་པ་ཆེས་ཆ་ཚང་ལ་གྲུབ་ཚུལ་ཆེས་གསལ་བ། བཟོ་བཀོད་ཆེས་རྙོག་འཛིང་ཆེ་བའི་མཐོ་རིམ་བང་སོ་ཞིག་རེད།
རྒྱུས་ལོན་བྱུང་བ་ལྟར་ན། 2018ཤེའུ་བང་སོ་ཨང་རྟགས་དང་པོ་ལས་བསྡོམས་པས་གསེར་དངུལ་གྱི་ཆས་དང་། ཟངས་ཆས། ལྕགས་ཆས། ཤིང་ཆས། ཀོ་བ། གཡང་ཊིའི་ཆས། ཤེལ་ཆས། འཐག་དངོས་སོགས་རིག་དངོས1000ལྷག་བུད་པ་དང་། ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། ཆུ་ཁོལ་བང་སོའི་ཚོམ་ནི་དུས་རབས6པ་ནས8པའི་བར་གྱི་བང་སོའི་ཚོམ་གལ་ཆེན་ཞིག་ཡིན་ལ། དེ་ལས་བུད་པའི་རིག་དངོས་མང་པོས་བྱང་གི་རྒྱལ་རབས་ནས་སུའེ་ཐང་རྒྱལ་རབས་ཀྱི་བར་སྐབས་སུ་མཚོ་སྔོན་ནི་དར་གོས་ཚོང་ལམ་གྱི་ཡན་ལག་གལ་ཆེན་ཞིག་ཡིན་པ་དང་། ཏུའུ་ལན་ནི་ཤར་ནུབ་བར་གྱི་ཚོང་དོན་ས་ཚིགས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད།
ཧན་ཅན་ཧྭ་ཡིས“ཆུ་ཁོལ་བང་སོའི་ཚོམ་ནི་དར་གོས་ཚོང་ལམ་གྱི་མཚོ་སྔོན་ལམ་ཐིག་སྟེང་གི་བང་སོའི་ཤུལ་དངོས་གལ་ཆེན་ཞིག་ཡིན་པར་མ་ཟད། ཤར་ནུབ་རིག་གནས་ཀྱི་འབྲེལ་འདྲིས་དང་སིམ་འཛུལ། གདོང་གཏུག བརྗེ་རེས་བཅས་ཀྱི་བདེན་དཔང་གལ་ཆེན་ཞིག་ཀྱང་ཡིན་པ་དང་། 2018ཤེའུ་བང་སོ་སྔོག་འདོན་བྱས་པ་ཡིས་དར་གོས་ཚོང་ལམ་ལ་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་གསར་བ་ཞིག་གི་སྒོ་ཕྱེ་བ་ཡིན”ཞེས་བརྗོད།
2021ལོའི་ཟླ4པར། 2018ཤེའུ་བང་སོ་ཨང་རྟགས་དང་པོ་དེ2020ལོའི་རྒྱལ་ཡོངས་གནའ་དཔྱད་གསར་རྙེད་ཆེན་མོ་བཅུའི་གྲས་སུ་ཚུད་པ་དང་། ལོ་དེའི་ཟླ10པར། མཚོ་སྔོན་ཏུའུ་ལན་བང་སོའི་ཚོམ་དེ་ལོ་བརྒྱའི་གནའ་དཔྱད་གསར་རྙེད་ཆེན་མོ་བརྒྱ་ཡི་གྲས་སུ་ཚུད།
སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧའོ་ཝེ་ཡིས་བསྟན་དོན། ཤེའུ་བང་སོ་ཨང་རྟགས་དང་པོ་ལས་བུད་པའི་གསེར་ཆས་ཀྱི་བཟོ་རྩལ་དང་། མི་སྣའི་སྣང་བརྙན་ཅན་གྱི་གསེར་ལེབ་ཀྱི་བཟོ་རྩལ་སོགས་ལ་བྱང་ཕྱོགས་རྩྭ་ཐང་ས་ཁུལ་དང་རྒྱ་ནག་དབུས་ཁུལ་ཕྱོགས་གཉིས་ཀའི་ཤུགས་རྐྱེན་ཐེབས་ཡོད་པའི་སྲིད་ཕྱོད་ཆེ་ལ། དེར་མ་ཟད་ཚོན་རྩིའི་ཡོ་བྱད་དང་ལི་ཆས་ཀྱི་བཟོ་རྩལ་ཡང་ཕལ་ཆེར་ཐང་རྒྱལ་རབས་སྐབས་སུ་རྒྱ་ནག་དབུས་ཁུལ་ནས་འོངས་པ་ཡིན་སྲིད།
ལན་ཀྲུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཙོང་ཁ་ཡོན་ཏན་མགོན་པོ་ཡིས“ཆུ་ཁོལ་བང་སོ་ལས་བཏོན་པའི་དར་གོས་དང་གསེར། དངུལ་ཆས་སོགས་རིག་དངོས་ཐམས་ཅད་སྐབས་དེའི་ཡ་གླིང་དབུས་ཁུལ་དང་ནུབ་ཁུལ་གྱི་རིག་གནས་དང་འབྲེལ་བ་ཡོད་ལ། དུར་སྒམ་དེ་ཚོའི་སྟེང་གི་གྲུ་གུ་བ་དང་པར་སིག་གི་རིག་གནས་སོགས་ཚང་མ་ལོ་རྒྱུས་ཀྱི་ཆ་འཕྲིན་གལ་ཆེན་རྒྱུད་སྤྲོད་བྱེད་པའི་རིག་གནས་སྨྱན་བྱེད་རིགས་ཤིག་ཏུ་གྱུར་ཡོད”ཅེས་བརྗོད།
ཏུའུ་ལན་རྫོང་དངོས་མང་བཤམས་སྟོན་ཁང་དུ་ལྟད་མོར་ཕྱིན་པ་ན། ཆུ་ཁོལ་བང་སོའི་གནའ་དཔྱད་མགོ་བརྩམས་ཏེ་ལོ་འཁོར40འགོར་བའི་རྗེས་དྲན་འགྲེམ་སྟོན་གྱི་ཁྲོད་དུ། རྒྱ་ནག་དབུས་ཁུལ་དང་ཡ་གླིང་དབུས་མ། ཡ་གླིང་ནུབ་མ། ཡ་གླིང་ལྷོ་མ་བཅས་ཀྱི་རིག་གནས་ཀྱི་མཚོན་རྟགས་ལྡན་པའི་རིག་དངོས་སྤུས་དག་མང་པོ་ཁུ་སིམ་མེར་བཀྲམས་འདུག
རྔམ་ཟིལ་ཆེ་བའི་རྩལ་མིས་མདའ་གཞུ་འཐེན་པ་དང་། རྟ་བོར་ལྕག་གིས་བྲབ་བཞིན་བང་གིས་རྒྱུགས་པ། མགོ་ལ་ཏོག་རྒྱན་སྤྲས་པ། རལ་བ་སྦོམ་པོ་གཉིས་བཞག་ཡོད་པ་སོགས་ཀྱི་སྣང་བརྙན་འདི་ནི2018ཤེའུ་བང་སོ་ཨང་རྟགས་དང་པོ་ནས་ཐོན་པའི་སྐྱ་མི་མདའ་བའི་སྣང་བརྙན་ཅན་གྱི་གསེར་རྒྱན་ཡིན་ལ། ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། འདིའི་ཁྲོད་ཀྱི་མུ་ཏིག་བསྟར་བ་ལྟ་བུའི་རྒྱན་རིས་ནི་པར་སིག་ས་ཧྲན་གོང་མའི་རྒྱལ་རབས་ཀྱི་གོས་རྒྱན་ལས་ནང་འདྲེན་བྱས་པའི་ཐང་རྒྱལ་རབས་ཀྱི་གཙོ་རྒྱུགས་རྒྱན་རིས་ཤིག་རེད།
མཚོ་སྔོན་ཏུའུ་ལན་ཆུ་ཁོལ་བང་སོའི་ཚོམ་ནས་བུད་པའི་སྐྱ་མི་མདའ་བའི་སྣང་བརྙན་ཅན་གྱི་གསེར་རྒྱན། པད་མ་གཡང་མཚོས་པར་བླངས།
ཞུས་ཞིན་ཀའོ་ལྟར་ན། ཏུའུ་ལན་ནས་བུད་པའི་བྱང་གི་རྒྱལ་རབས་ནས་ཐང་རྒྱལ་རབས་བར་གྱི་དར་གོས་ཀྱིས་དར་གོས་ཚོང་ལམ་གྱི་མཚོ་སྔོན་ལམ་ཐིག་འདི་ལྷོ་བྱང་རྒྱལ་རབས་ནས་སུང་བྱང་མའི་བར་གྱི་དུས་སྐབས་རིང་མོའི་ཁྲོད་བེད་སྤྱོད་བྱེད་བཞིན་ཡོད་པར་མ་ཟད། ཚོང་དོན་དང་འགྲིམ་འགྲུལ་གྱི་ལམ་ཐིག་གལ་ཆེན་ཞིག་ཀྱང་ཡིན་པ་ར་སྤྲོད་བྱས་ཡོད་ལ། ད་ལྟའི་ཏུའུ་ལན་ས་ཁུལ་ནི་ཀྲུང་ནུབ་འགྲིམ་འགྲུལ་གྱི་གནད་འགག་གི་ལམ་ཞིག་ཡིན་པ་དང་། དེའི་གལ་ཆེའི་རང་བཞིན་ནི་སྐབས་དེའི་རྨ་ནུབ་དོག་ལམ་གྱི་མན་མིན་པ་ཐག་གིས་ཆོད།
ཞུས་ཞིན་ཀའོ་ཡིས་ངོ་སྤྲོད་བྱས་པ་ལྟར། ཤེའུ་བང་སོ་ཨང་རྟགས་དང་པོ་ནས་བུད་པའི་དར་གོས་ཀྱི་རྒྱན་རིས་སྣ་མང་ཞིང་། བཟོ་རྩལ་དངོས་རྫས་མི་ཉུང་བ་ཞིག་གི་བཟོ་རྩལ་རྙོག་འཛིང་ཆེ་ལ་ཞིབ་ཚགས་ལྡན། དར་གོས་དེ་དག་གི་སྟེང་དུ་རྒྱན་རིས་རིགས་མི་འདྲ་བ130ལྷག་ཡོད་པ་དང་། དེའི་ཁྲོད་ཀྱི་རིགས112རྒྱ་ནག་ནས་བཟོས་ཤིང་། ནུབ་ཕྱོགས་ཀྱི་འཐག་དངོས་ཁྲོད་དུ་སུའུ་ཐི་མི་རིགས་ཀྱི་གོས་ཅུང་མང་བ་དང་། ནུབ་ཕྱོགས་ཀྱི་གོས1གི་སྟེང་དུ་ད་དུང་པར་སིག་གི་ཡི་གེ་འདུག
2018ཤེའུ་བང་སོ་ནས་བུད་པའི་གསེར་སེང་ཁ་སྤྲོད་གཡུའི་ཉི་ཟླ་ཅན། པར་རིས་ཡོང་ཁུངས་མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་།
སེང་གེ་གཉིས་ཁ་སྤྲོད་དུ་བསྡད་དེ་ཉི་ཟླ་མཆོད་པ་དང་རལ་བ་གསིག་པ། སེང་གེ་རེའི་ལུས་སུ་ཆུ་ཤེལ་སྨུག་པོའི་ཕྲ་རྒྱན་རེ་བཀོད་པ་དང་དེ་མིན་གྱི་ཁག་དག་གཡུ་ཡིས་སྤྲས་པ་སོགས་མཚོ་སྔོན་དངོས་མང་བཤམས་སྟོན་ཁང་གི་གནའ་དཔྱད་གྲུབ་འབྲས་འགྲེམ་སྟོན་གྱི་ཁྲོད་དུ་ཤེའུ་བང་སོ་ཨང་རྟགས་དང་པོ་ནས་ཐོན་པའི་གསེར་སེང་ཁ་སྤྲོད་གཡུའི་ཉི་ཟླ་ཅན་དང་། ཁྱུང་གི་སྐྲ་འཛེར་གཡུ་ཕྲ་ཅན། གསེར་ཕྲེང་གཡུ་ཕྲ་ཅན། མ་ནོའི་ཕྲེང་བ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་དངོས་རྩ་ཆེན་མང་པོ་འདུག
2018ཤེའུ་བང་སོ་ནས་བུད་པའི་ཁྱུང་གི་སྐྲ་འཛེར་གཡུ་ཕྲ་ཅན། པར་རིས་ཡོང་ཁུངས་མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་།
རིག་དངོས་རྩ་ཆེན་འདི་དག་རེ་རེ་བཞིན་མཐོང་དུས། རྨི་ལམ་ཁྲོད་དར་རྒྱས་ཆེ་བའི་ཐང་རྒྱལ་རབས་ལ་སླེབས་སོང་བ་ལྟ་བུའི་སྣང་བ་སྐྱེ་ལ། ས་བཅུད་འཛོམས་པའི་ཏུའུ་ལན་ས་ཁུལ་དུ་རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་ཚོང་བའི་རུ་ཁག་ཕར་འགྲོ་ཚུར་འོངས་བྱེད་ཀྱིན་པ་དང་། ལག་རྩལ་ཁྱད་དུ་འཕགས་པའི་ལག་ཤེས་པ་རྣམས་ཀྱིས་སེམས་རྣལ་ལ་ཕབས་ཏེ་གསེར་དངུལ་གྱི་རྒྱན་ཆ་སྣ་ཚོགས་བཟོ་བཞིན་པ་སོགས་གནའ་སྔ་མོའི་དར་གོས་ཚོང་ལམ་དེ་ལོ་ངོ་སྟོང་གི་ཁ་ཆར་བུ་ཡུག་གི་རྗེས་ནས་ཡང་བསྐྱར་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་ལྟར་སྣང་།
འབྲེལ་ཡོད་འོས་སྦྱོར།