logo

ཆེད་མཁས་པས་མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཐད་བློ་འདོན་ཇུས་འབུལ་བྱས་པ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2024-04-15 ཀློག་གྲངས།:
       སྔར་ལས་ལྷག་པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཡུལ་སྐོར་མིང་རྟགས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཟླ4པའི་ཚེས14ཉིན“རི་ཆུ་འབྱུང་ཡུལ·རབ་མཛེས་མཚོ་སྔོན·དག་གཙང་མཚོ་ལྷོ”ཞེས་པའི་རིག་གནས་དང་ཡུལ་སྐོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཁྲི་ཀ་རྫོང་དུ་འཚོགས་པ་དང་། ཞིང་ཆེན་ཕྱི་ནང་གི་ཆེད་ལས་མཁས་པ་དང་ཁེ་ལས་ཀྱི་འཐུས་མིས་ཕྱོགས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་སྒོ་ནས་མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལས་རིགས་མང་བ་དང་སྣ་མང་ཅན་གྱི་འཕེལ་རྒྱས་མདུན་ལམ་ལ་དབྱེ་ཞིབ་བྱས་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པའི་ཐད་བསམ་བློ་བརྗེ་རེས་གཏིང་ཟབ་བྱས།
       རིག་གནས་དང་ཡུལ་སྐོར་ཐོན་ལས་ནི་དག་གཙང་མཚོ་ལྷོའི་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་བཅས་ཡིན་པའི་ཆ་ནས། ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་དམིགས་ཡུལ་ནི་ཆེད་མཁས་པས“བློ་འདོན་ཇུས་འབུལ”བརྒྱུད་མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་གྱི་ཐབས་ལམ་དང་ཐབས་ཇུས་ལ་མཉམ་གཅིག་ཏུ་བགྲོ་གླེང་བྱས་ཐོག ཁུལ་འདིའི་རྫོང5བར་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་མཉམ་སྤྱོད་དང་མཉམ་ལས་ལ་སྐུལ་འདེད་བཏང་བ་བརྒྱུད་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་ཡོང་བར་མཐུན་རྐྱེན་བསྐྲུན་པ་དང་། “གཙང་པོ་དང་མཚེའུ་ཡིས་སྣེ་ཁྲིད་པ་དང་། གྲོང་ཁྱེར་གཉིས་མཉམ་སྦྱོར། ས་ཚིགས་མང་བའི་མཉམ་སྦྱོར”མཐའ་འཁྱོངས་བྱེད་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དོན་འཁྱོལ་བྱས་ནས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཡིད་དབང་འགུག་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་རེད།
       ཉེ་བའི་ལོ་འགའི་རིང་མཚོ་ལྷོ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་མཚོན་ཁུལ་གཏོད་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི“ལྟེ་བ་གཅིག་དང་གདུབ་གཅིག ཁུལ་མང་པོའི”ཡུལ་སྐོར་རྣམ་པ་ནང་ཞུགས་ཏེ་རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། རིག་གནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ལས་རིགས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་། །
འབྲེལ་ཡོད་འོས་སྦྱོར།