logo

མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སྒོ་འབྱེད་པ།

རྩོམ་པ་པོ།:གསང་བདག་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2024-06-17 ཀློག་གྲངས།:
       ཟླ6པའི་ཚེས13ཉིན། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཟི་ལིང་གྲོང་ཁྱེར་དུ་དངོས་སུ་སྒོ་འབྱེད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་སྒོ་འབྱེད་མཛད་སྒོར་ཞུགས་པར་མ་ཟད། མགོ་སྒང་གསོ་རིག་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོན་ཧྲི་ཝུའུ་ཐེན་དབྱི་དང་ཧན་ཡ་ལིན། ཀུ་ཅུན་པོ། ཅང་ཐའོ་བཅས་ལ་བསྐོ་འཇོག་ཡི་གེ་བསྩལ། ཧྲིན་ཀྲང་གཞོན་པ་ཧུའུ་ལོས་ཁྲུན་གྱིས་སྒོ་འབྱེད་མཛད་སྒོའི་ཐོག་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་པའི་སྐོར་གྱི་ཆོག་མཆན་ཡི་གེ་སྒྲོག་འདོན་བྱས།
       ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གཟིགས་ཞིབ་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ཟབ་མོ་བྱས་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་པ། མདོ་དབུས་མཐོ་སྒང་གི་ཁོར་ཡུག་ཐོན་ཁུངས་དགེ་མཚན་ལེགས་པར་བཏོན་པ། རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་པ། སྤུས་ལེགས་ཐོན་ཁུངས་སྡུད་སྒྲིག་བྱས་པ། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་དངོས་སུ་སྒོ་འབྱེད་བྱས་པ་དེས། མཐོ་སྒང་གསོ་རིག་ཞིབ་འཇུག་ལས་དོན་གྱི་བགྲོད་ལམ་གསར་པ་ཕྱེ་བ་དང་སྐས་རིམ་གསར་པར་སྤོས་པར་མཚོན་ཡོད། མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་དམིགས་འབེན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་བརྗོད་གཞི་ཆེན་མོའི་འགག་སྒྲོལ་སྤེལ་ཏེ། མཐོ་སྒང་གསོ་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད།
       རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་རིམས་ནད་ཚོད་འཛིན་ཅུའུ། ཀྲུང་ཧྭ་གསོ་རིག་ཚོགས་པ། རྒྱལ་ནང་གི་འབྲེལ་ཡོད་གསོ་རིག་སྨན་བཅོས་སློབ་གསོ་ཚན་ཞིབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། མཚོ་སྐྱོར་ཞིང་ཆེན་གྲོང་ཁྱེར6དང་ཤར་ནུབ་རྒྱུད་མཐུན་སྦྱོར་མཚོ་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་མཁན། སྨན་བཅོས་མཚོ་སྐྱོར་འབུམ་རམས་ཚོགས་པའི་ཁོངས་མི། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག ཞིང་ཆེན་རིམ་པའི་སྨན་བཅོས་ཚན་ཞིབ་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་སྒོ་འབྱེད་མཛད་སྒོར་ཞུགས།
       སྒོ་འབྱེད་མཛད་སྒོའི་རྗེས་སུ། ཚོགས་ཞུགས་མགོ་ཁྲིད་དང་སྐུ་མགྲོན་གྱིས་མཐོ་སྒང་གསོ་རིག་ཞིབ་འཇུག་གི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས། ། 
འབྲེལ་ཡོད་འོས་སྦྱོར།