logo

གངས་འདབས་སུ་ཆགས་པའི་བོད་ཀྱི་རིག་གནས་བང་མཛོད།

རྩོམ་པ་པོ།:རྒྱལ་མོ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2024-11-18 ཀློག་གྲངས།:
       སྡེ་དགེ་པར་ཁང་ནི1729ལོར་བཞེངས་སྐྲུན་བྱས་པ་དང་། རང་རྒྱལ་བོད་རིགས་འདུས་སྡོད་ཁུལ་གྱི་པར་ཁང་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་པས། “གངས་འདབ་ཀྱི་བོད་ཀྱི་རིག་གནས་བང་མཛོད”ཅེས་པའི་མཚན་སྙན་ཡོད། པར་ཁང་འདིའི་པར་འདེབས་བཟོ་རྩལ་གྱི་བརྒྱུད་རིམ་ནི་རྙོག་འཛིང་ཆེ་བ་དང་། ལས་བགོས་ཞིབ་ཚགས་ཡིན་པ། དོ་དམ་ཚོད་འཛིན་ནན་ཏན་བཅས་ཡིན་པས། མིའི་རིགས་ཀྱི་བརྐོས་བརྙན་པར་འདེབས་ལོ་རྒྱུས་ཐོག་དམིགས་བསལ་གྱི་གནས་བབ་བཟུང་ཡོད། མིག་སྔར། པར་ཁང་འདིར་གནའ་བོའི་པར་གཞི་དང་རི་མོའི་པར་གཞི་བརྐོས་བརྙན་གྱི་ཡིག་ཚགས་ཁྲི32ལྷག་ཉར་ཚགས་བྱས་ཡོད། དེ་དག་གཙོ་བོ་དུས་རབས18པ་ནས་དུས་རབས20པའི་དུས་དཀྱིལ་བར་བརྐོས་པ་དང་། དེའི་ནང་དུས་རབས11པ་ཚུན་གྱི་བོད་ཡིག་གི་ཚད་ལྡན་ཡིག་ཆ་གལ་ཆེན་སྣ་ཚོགས་ཚུད་ཡོད་དེ། ནང་རིག་པའི་གསུང་རབ་དང་། གནམ་རིག་སྐར་རྩིས། སྙན་ངག་དང་དབྱངས་རྟ། སྐད་དང་ཡི་གེ ལོ་རྒྱུས་དང་རྣམ་ཐར། གསོ་རིག་དང་བཟོ་རིག་སོགས་སྲོལ་རྒྱུན་རིག་གནས་གྱི་ཕྱོགས་སྣ་མང་འཛོམས། 2024ལོའི་ཟླ5བར། “སྡེ་དགེ་པར་ཁང་གི་བོད་བརྐོས་པར་གཞི”ཡི་ཡིག་ཚགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི«འཛམ་གླིང་དྲན་ཤེས་ཀྱི་མིང་ཐོ»རུ་བདམས་ཐོན་བྱུང་། །
ཟླ11པའི་ཚེས2ཉིན་པར་བླངས་བའི་སྡེ་དགེ་པར་ཁང་།
སྡེ་དགེ་པར་ཁང་དུ་ཉར་ཚགས་བྱས་པའི་པར་གཞི།
དཔར་མཁན་གྱིས་ཤོག་བུ་གྲ་སྒྲིག་བྱེད་བཞིན་པ།
སྡེ་དགེ་པར་ཁང་གི་ལས་བཟོ་བས་པར་འདེབས་བྱེད་བཞིན་པ།
སྡེ་དགེ་པར་ཁང་གི་ལས་བཟོ་བས་པར་འདེབས་བྱེད་བཞིན་པ།
སྡེ་དགེ་པར་ཁང་གི་ཟུར་ཞིག
སྡེ་དགེ་པར་ཁང་གི་པར་རྐོ་བས་པར་འདེབས་བྱེད་བཞིན་པ།
སྡེ་དགེ་པར་ཁང་གི་ལས་བཟོ་བས་པར་འདེབས་བྱེད་བཞིན་པ།
ལས་བཟོ་བས་དཔར་ཚར་བའི་དཔེ་ཆ་ལ་ཞུ་དག་བྱེད་བཞིན་པ།
ལས་བཟོ་བས་དཔར་ཚར་བའི་དཔེ་ཆ་ལ་ཞུ་དག་བྱེད་བཞིན་པ།
ལས་བཟོ་བས་དཔར་ཚར་བའི་དཔེ་ཆ་ལ་ཞུ་དག་བྱེད་བཞིན་པ།
སྡེ་དགེ་པར་ཁང་གི་ལས་བཟོ་བས་པར་འདེབས་བྱེད་བཞིན་པ།
སྡེ་དགེ་པར་ཁང་དུ་ཉར་ཚགས་བྱས་ཡོད་པའི་པར་གཞི།
སྡེ་དགེ་པར་ཁང་གི་ལས་བཟོ་བས་པར་གཞི་ཞུ་དག་བྱེད་བཞིན་པ།
སྡེ་དགེ་པར་ཁང་གི་ལས་བཟོ་བས་པར་འདེབས་བྱེད་བཞིན་པ།
ལས་བཟོ་བས་སྡེ་དགེ་པར་ཁང་དུ་ཉར་ཚགས་བྱས་ཡོད་པའི་པར་གཞི་ལ་ཞིབ་བཤེར་བྱེད་བཞིན་པ།
སྡེ་དགེ་པར་ཁང་གི་ལས་བཟོ་བས་པར་འདེབས་བྱས་ཚར་བའི་དཔེ་ཆ་སྐེམ་བཞིན་པ།
ལས་བཟོ་བས་དཔར་བའི་ཤོག་བུ་གྲ་སྒྲིག་བྱེད་བཞིན་པ།
ལས་བཟོ་བས་དཔར་ཤོག་གྲ་སྒྲིག་བྱེད་བཞིན་པ།
སྡེ་དགེ་པར་ཁང་གི་ལས་བཟོ་བས་སྲོལ་རྒྱུན་ལྟར་པར་གཞི་གཙང་འཁྲུད་དང་བདག་སྐྱོང་བྱེད་བཞིན་པ།
སྡེ་དགེ་པར་ཁང་གི་ཁང་ཐོག་ཏུ་སྐམ་ཡོད་པའི་པར་གཞི།
འབྲེལ་ཡོད་འོས་སྦྱོར།