logo

«རྒྱ་བོད་ལོ་ཙཱའི»རྩོམ་སྡུད་གསལ་བརྡ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-02-27 ཀློག་གྲངས།:
       «རྒྱ་བོད་ལོ་ཙཱ»རྩོམ་སྒྲིག་ཁང་གིས་རིག་གཞུང་ལ་ཞབས་ཞུ་དང་། ལོ་ཙཱའི་ཉམས་མྱོང་སྤེལ་རེས། ལོ་ཙཱའི་ཤེས་བྱ་ཁྱབ་སྤེལ། ལོ་ཙཱའི་མི་སྣ་གསོ་སྐྱོང་བཅས་ལ་དམིགས་ཏེ། རིག་གཞུང་ཞིབ་འཇུག་གི་ཕུ་ཐག་གཅོད་ས་དང་མྱུག་གསར་འདབ་ལག་རྒྱས་སའི་སྡེ་ཚན་དྲུག་བཀོད་སྒྲིག་བྱས་ཡོད་དེ། འགྱུར་གཞུང་ཞིབ་འཇུག་དང་། འགྱུར་རྩོམ་མྱོང་དཔྱད། ཆེད་མཁས་བཅར་འདྲི། རྩོམ་ཕུད་འདེམ་སྒྱུར། ལེགས་རྩོམ་འགྲན་སྒྱུར། དཔྱད་རྩོམ་འདེམ་སྒྱུར་བཅས་སོ། །ལོ་ཙཱའི་ཕྱག་ལས་གནང་མཁན་དང་ལོ་ཙཱ་ལ་དགའ་མོས་ཡོད་མཁན་རྣམས་ཀྱིས་དུས་དེབ་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་རྒྱུན་མར་གནང་རྒྱུར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྒོས་སུ་སྨྱུག་ཐོགས་པ་རྣམས་ནས་གོང་གི་སྡེ་ཚན་དང་འཚམ་པའི་འགྱུར་རྩོམ་དང་དཔྱད་རྩོམ་གང་རིགས་ངེད་རྩོམ་སྒྲིག་ཁང་ལ་བསྐུར་བའི་རེ་བ་སྙིང་ནས་ཞུ། ང་ཚོས་དུས་དེབ་སྟེང་བཀོད་པའི་རྩོམ་ཡིག་ལ་གང་འཚམ་གྱི་རྩོམ་ཡོན་འབུལ་འཆར་ཡོད་པའང་ཀུན་གྱི་ཐུགས་ལ་འཇགས་པར་འཚལ།
རྩོམ་ཡིག་སྐུར་སྐབས་དོ་སྣང་བྱ་དགོས་པ་ནི།
       གཅིག དུས་དེབ་འདི་ནི་ལོ་ཙཱའི་སྐོར་གྱི་དུས་དེབ་ཅིག་ཡིན་པས། བརྗོད་བྱའི་ཆ་ནས་ལོ་ཙཱའི་གཞུང་ལུགས་དང་ལོ་ཙཱ་དང་འབྲེལ་བའི་དཔྱད་རྩོམ་དང་འགྱུར་རྩོམ་ཡིན་དགོས།
       གཉིས། རྩོམ་པ་པོ་རང་ཉིད་ཀྱི་མཚན་དང་། ཕ་ཡུལ། ལས་ཁུངས། ལས་ཀའི་མིང་ཐོབ། ཤེས་ཡོན་གྱི་མིང་ཐོབ། ཞིབ་འཇུག་གི་ཁ་ཕྱོགས། ཁ་པར་ཨང་གྲངས་སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་གསལ་པོར་འབྲི་དགོས།
       གསུམ། དཔྱད་རྩོམ་གྱི་སྐོར་ལ«ཀྲུང་གོའི་མཐོ་རིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་གི་རིག་གཞུང་དུས་དེབ་རྩོམ་སྒྲིག་ཚད་གཞིའི»འབྲེལ་ཡོད་བླང་བྱ་ལྟར་རྩོམ་པ་པོའི་མཚན་དང་། དཔྱད་ཡིག་གི་མཚན་བྱང་། དཔྱད་ཡིག་གི་མཚོན་རྟགས། དཔེ་སྐྲུན་ཁང་གི་མིང་དང་གནས་ཡུལ། དཔེ་སྐྲུན་དུས་ཚོད་དང་དཔར་ཐེངས། ཤོག་གྲངས་བཅས་རིམ་པ་བཞིན་དུ་གསལ་པོར་འབྲི་དགོས་ཤིང་། དཔྱད་རྩོམ་གྱི་མཆན་འགྲེལ་ཚང་མ་ཞབས་མཆན་གྱི་རྣམ་པར་འགོད་དགོས། རྩོམ་བྱང་དང་ནང་དོན་གནད་བསྡུས། གནད་ཚིག་གསུམ་རྒྱ་ཡིག་ཏུ་བསྒྱུར་ནས་བསྐུར་དགོས།
       བཞི། འགྱུར་རྩོམ་གྱི་སྐོར་ལ་མ་ཡིག་དང་འགྱུར་ཡིག་གཉིས་ཀ་བསྐུར་དགོས་ཤིང་། མ་ཡིག་གི་རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་ཤིག་ཀྱང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བསྐུར་དགོས།
       ལྔ། དཔྱད་རྩོམ་དང་འགྱུར་རྩོམ་དུ་ཡོད་པའི་ཨང་ཀི་རྣམས་ཨ་རབ་ཀྱི་ཨང་ཀི་ལྟར་འབྲི་དགོས། དེབ་མིང་རྣམས་དཔེ་རྟགས«»ནང་དུ་འགོད་པ་དང་། ལུང་ཚིག་རྣམས་འདྲེན་རྟགས“”སུ་འགོད་དགོས། ཡིག་ནོར་དང་ཆད་ལྷག་མེད་པར་ཞུ་དག་ནན་མོ་བཏང་ནས་བསྐུར་དགོས།
       དྲུག འདི་གར་བསྐུར་བའི་དཔྱད་རྩོམ་དང་འགྱུར་རྩོམ་དག་རང་ཉིད་ཀྱི་བརྩམས་ཆོས་དངོས་ཡིན་དགོས་པ་ལས། བཤུ་འབྲི་བྱས་པ་སོགས་རྩོམ་གྱི་བདག་དབང་དང་འགལ་བའི་མཇུག་འབྲས་རང་ཉིད་ཀྱིས་འགན་འཁུར་དགོས།

རྩོམ་སྐུར་ཡིག་ཟམ།  myzx5250@163.com
ཁ་པར་ཨང་གྲངས།  0970-8642671

མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།
2025ལོའི་ཟླ2པའི་ཚེས26ཉིན།
འབྲེལ་ཡོད་འོས་སྦྱོར།