བླ་བྲང་དགོན་པའི་དཔེ་རྙིང་སྲུང་སྐྱོབ།—རྒྱུན་ཆད་མེད་པའི་བསྡུ་སྒྲིག་ནས་གྲངས་འཛིན་ཅན་གྱི་འབྱུང་འགྱུར།
རྩོམ་པ་པོ།:ཚེ་རིང་རྣམ་རྒྱལ།
ཡོང་ཁུངས།:ཀན་ལྷོའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-03-17
ཀློག་གྲངས།:
བོད་བརྒྱུད་ནང་བསྟན་གྱི་གདན་ས་ཆེན་པོ་ཁག་ལས། བླ་བྲང་བཀྲ་ཤིས་འཁྱིལ་ལ་རྔམས་སྟུག་པའི་རིག་གནས་ཀྱི་རྨང་རྫོང་དང་རིན་ཐང་བྲལ་བའི་དཔེ་རྙིང་སྣ་ཚོགས་མངའ་བས་འཛམ་གླིང་བོད་རིག་པའི་སློབ་གླིང་ཞེས་སྙན་པའི་གྲགས་པ་འབར། དགོན་པའི་དཔེ་མཛོད་ཁང་དུ་དཔེ་རྙིང་རྩ་ཆེན་བམ་པོ་ཁྲི7ལྷག་ཉར་ཡོད་ཅིང་། ཡིག་ཚང་འདི་རྣམས་ཀྱི་སྲུང་སྐྱོབ་དང་གྲངས་འཛིན་ཅན་དུ་བསྒྱུར་བའི་ལས་གཞི་ནི་རིག་གནས་སྡེ་ཁག་གིས་ཡུན་རིང་པོར་དོ་སྣང་བྱ་ཡུལ་ཡིན། ལོ་ངོ་བཞི་བཅུ་ལྷག་གི་ལྷོད་མེད་འབད་བརྩོན་བརྒྱུད་མཐར། དུས་ད་ལྟ་བླ་བྲང་དགོན་པའི་དཔེ་རྙིང་རྩ་ཆེན་བམ་པོ་ཁྲི4ལྷག་དག་སྒྲིག་བྱས་ཚར་ཏེ། གྲངས་འཛིན་ཅན་གྱི་ལས་གཞི་མགོ་བརྩམ་པར་རྨང་གཞི་སྲ་བརྟན་བཏིང་།
འཇམ་དཔལ་ན་རེ། “དཔེ་རྙིང་གི་རིགས་སྣ་ཤིན་ཏུ་མང་ཞིང་། ནང་དོན་རྒྱ་ཆེ་ལ་གཏིང་ཟབ། དེ་ལས་གང་མང་ཞིག་ནི་དཔེ་རྒྱུན་རྩ་ཆེན་དང་གཅིག་ཁོ་ན་ཅན། ཡང་ན་སྲིད་དུ་དཀོན་པའི་དཔེ་རྒྱུན་ཁག་གཅིག་ཡིན། ནང་དོན་གྱི་ཐད་ནས། མཚན་ཉིད་རིག་པ་དང་རྣམ་ཐར་རྟོགས་བརྗོད། ལེགས་སྦྱར་སྒྲ་རིག་པ་དང་། སྙན་ངག སྐར་རྩིས། བཟོ་རིག་པ། གསོ་བ་རིག་པ། གསང་སྔགས། སྐད་བརྡ་རིག་པ། བྲིས་འབུར་བཙོ་སྦྱོང་གི་གཞུང་ལུགས་སོགས་མ་འདུས་པ་མེད་དེ། སྲུང་སྐྱོབ་དང་རྒྱུན་འཛིན་གྱི་རིན་ཐང་བླ་ལྷག་ལྡན།”
དུས་རབས20པའི་ལོ་རབས80ནས་བཟུང་། བླ་བྲང་དགོན་པས་དཔེ་མཛོད་ཁང་གི་དཔེ་རྙིང་རྩ་ཆེན་ཁག་དཀར་ཆག་སྒྲིག་བཟོ་དང་ཞུ་དག ཕྱོགས་སྒྲིག ཁ་གསབ་སོགས་ཀྱི་ལས་གཞི་རིམ་གྱིས་བསྒྲུབ་མགོ་བརྩམས། དགོན་པའི་དོ་དམ་ཁང་གིས་རིག་པའི་གནས་མཐའ་དག་ལ་མཁྱེན་རྒྱ་ཡངས་པའི་དགེ་བའི་བཤེས་གཉེན30ལྷག་བཀོད་སྒྲིག་བྱས་ཏེ་ཉིན་རེ་བཞིན་ཞུ་དག་དང་ཕྱོགས་སྒྲིག་བྱས།
ཉེ་ཆར་གསར་འགོད་པ་དཔེ་མཛོད་ཁང་དུ་ཕྱིན་པ་ན། དཔེ་མཛོད་ཁང་དེ་ལ་བང་རིམ་གསུམ་དང་ལྡན་ཞིང་། བང་རིམ་དང་པོའི་དཔེ་སྒྲོམ་དུ་རིགས་སྣ་ཕྱེས་ཟིན་པའི་དཔེ་རྙིང་རྩ་ཆེན་རྣམས་གྲལ་ལེགས་པར་གཤིབས་ཡོད། དཔེ་སྒྲོམ་ཡང་སྔར་གྱི་ལྕགས་གྱིས་བྱས་པའི་དཔེ་སྒྲོམ་རྙིང་བ་ལས་བརྟན་ཞིང་བརླན་འགོག་ཐུབ་པའི་ཤིང་སྒྲོམ་དུ་བརྗེས། ཞིག་གསོ་དང་ཚོན་རིས་བཏང་བའི་ཀུན་དགའ་ར་བ་གསར་པ་གསར་རྐྱང་དུ་སྣང་ཞིང་། དཔེ་མཛོད་ཁང་གི་བང་རིམ་གཉིས་པ་དང་གསུམ་པ་ད་ལོར་མུ་མཐུད་དུ་ཞིག་གསོ་བྱེད་ཀྱིན་པ་མཐོང་།
དཔེ་རྙིང་གསུམ་ཆའི་གཅིག་ལྷག་ད་དུང་དག་སྒྲིག་བྱས་ཚར་མེད་པས། དེར་གཞིགས་ཏེ་འཇམ་དཔལ་གྱིས་“ད་དུང་ལོ་ངོ་དུ་མའི་དུས་ཚོད་དགོས་ས་རེད། དག་སྒྲིག་གི་ལས་ཀ་ངེས་པར་ཏན་ཏན་ཏིག་ཏིག་ཏུ་བསྒྲུབ་དགོས”ཞེས་བཤད།
དཔེ་རྙིང་གྲངས་འཛིན་ཅན་གྱི་མ་འོངས་པ་གླེང་བའི་ཚེ། འཇམ་དཔལ་ན་རེ། འདི་ནི་བླ་བྲང་དགོན་པའི་དཔེ་རྙིང་སྲུང་སྐྱོབ་ངེས་པར་ཏུ་བརྒྱུད་དགོས་པའི་ལམ་བུའོ། །
ཁོང་གིས་རེ་བ་དང་བཅས་ཏེ། “སླད་མར་གལ་ཏེ་བསྟན་བཅོས་ཤིག་བཙལ་དགོས་ཚེ། ད་ལྟ་དང་འདྲ་བར་གླེགས་བམ་རེ་རེ་བཞིན་སྔོག་མི་དགོས་ཤིང་། སྐས་ལ་འཛེགས་ཏེ་འཚོལ་ལེན་སོགས་བྱ་མི་དགོས་པར། གྲངས་འཛིན་ཅན་གྱི་དཔེ་རྙིང་གི་དཀར་ཆག་ཁ་ཕྱེས་པ་ན། དེ་མ་ཐག་ཏུ་རྙེད་ཐུབ་པས་ཤིན་ཏུ་སྟབས་བདེ་ཡིན”ཞེས་བཤད།
བླ་བྲང་བཀྲ་ཤིས་འཁྱིལ་ནི། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་གནས་ཤིང་། སྤྱི་ལོ1709ལོར་བཏབ། 1982ལོར་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གལ་ཆེན་དུ་གཏན་འབེབས་བྱས། 1985ལོ་ནས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེས། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཡིན། 2009ལོར། བླ་བྲང་དགོན་པའི་དཔེ་མཛོད་ཁང་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གལ་ཆེན་དུ་གཏན་འབེབས་བྱས།

ཟླ2པའི་ཚེས28ཉིན། འཛམ་གླིང་བོད་རིག་པའི་སློབ་གླིང་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་དགུང་ནས་པར་བསྐྱོན་པ།(མཁའ་སྐྱོད་པར་ཆས་ཀྱིས་བླངས།)པར་བ། འཇིགས་མེད་བསྟན་འཛིན།
“དཔེ་མཛོད་ཁང་ནི་བླ་བྲང་དགོན་པའི་གླེགས་བམ་བཞུགས་སའི་གཙུག་ལག་ཁང་ཡིན་པར་མ་ཟད། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་བང་མཛོད་ཆེན་མོའང་ཡིན།” ཚེས12ཉིན། བླ་བྲང་དགོན་པའི་ཡུལ་སྐོར་ཞབས་ཞུ་པུའུ་ཡི་ཀྲུའུ་རེན་འཇམ་དཔལ་གྱིས་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་འདྲི་དང་དུ་བླངས་ཏེ་འདི་སྐད་དུ་སྨྲས་ཤིང་། དཔེ་མཛོད་ཁང་འདི་རུ་ད་སྔ་དཔེ་རྙིང་རྩ་ཆེན་བམ་པོ་ཁྲི6.8ཉར་ཡོད་ཅེས་ངོ་སྤྲོད་བྱས།འཇམ་དཔལ་ན་རེ། “དཔེ་རྙིང་གི་རིགས་སྣ་ཤིན་ཏུ་མང་ཞིང་། ནང་དོན་རྒྱ་ཆེ་ལ་གཏིང་ཟབ། དེ་ལས་གང་མང་ཞིག་ནི་དཔེ་རྒྱུན་རྩ་ཆེན་དང་གཅིག་ཁོ་ན་ཅན། ཡང་ན་སྲིད་དུ་དཀོན་པའི་དཔེ་རྒྱུན་ཁག་གཅིག་ཡིན། ནང་དོན་གྱི་ཐད་ནས། མཚན་ཉིད་རིག་པ་དང་རྣམ་ཐར་རྟོགས་བརྗོད། ལེགས་སྦྱར་སྒྲ་རིག་པ་དང་། སྙན་ངག སྐར་རྩིས། བཟོ་རིག་པ། གསོ་བ་རིག་པ། གསང་སྔགས། སྐད་བརྡ་རིག་པ། བྲིས་འབུར་བཙོ་སྦྱོང་གི་གཞུང་ལུགས་སོགས་མ་འདུས་པ་མེད་དེ། སྲུང་སྐྱོབ་དང་རྒྱུན་འཛིན་གྱི་རིན་ཐང་བླ་ལྷག་ལྡན།”
དུས་རབས20པའི་ལོ་རབས80ནས་བཟུང་། བླ་བྲང་དགོན་པས་དཔེ་མཛོད་ཁང་གི་དཔེ་རྙིང་རྩ་ཆེན་ཁག་དཀར་ཆག་སྒྲིག་བཟོ་དང་ཞུ་དག ཕྱོགས་སྒྲིག ཁ་གསབ་སོགས་ཀྱི་ལས་གཞི་རིམ་གྱིས་བསྒྲུབ་མགོ་བརྩམས། དགོན་པའི་དོ་དམ་ཁང་གིས་རིག་པའི་གནས་མཐའ་དག་ལ་མཁྱེན་རྒྱ་ཡངས་པའི་དགེ་བའི་བཤེས་གཉེན30ལྷག་བཀོད་སྒྲིག་བྱས་ཏེ་ཉིན་རེ་བཞིན་ཞུ་དག་དང་ཕྱོགས་སྒྲིག་བྱས།
འཇམ་དཔལ་གྱིས“དཔེ་མཛོད་ཁང་གི་གླེགས་བམ་གང་མང་ཞིག་དེ་ཁོ་ན་ལས་མེད་པའི་དཔེ་རྒྱུན་དཀོན་པོ་ཡིན་ཞིང་། གྲངས་འབོར་ཤིན་ཏུ་མང་བར་མ་ཟད། ཁ་ཅིག་གི་ནང་དོན་བོར་བརླག་ཤོར་ཞིང་སྔར་གྱི་པར་མ་བཙལ་དུ་མེད་པས་དག་སྒྲིག་བྱེད་མཁན་གྱིས་ནང་དོན་འདྲ་བའི་མདོ་དང་བསྟན་བཅོས་རྣམས་བཙལ་ཏེ་ཡང་བསྐྱར་ཞུ་དག་དང་བཤུ་འབྲི་བྱ་དགོས། ཡང་དཔེ་རྙིང་ཁ་ཅིག་ལ་ཤོག་ངོས་འདྲེས་པའི་སྣང་ཚུལ་མཆིས་པས་རེ་རེ་བཞིན་གཤིབ་བསྡུར་དང་ཤན་འབྱེད་དགོས། བརྒྱུད་རིམ་འདི་ནི་ཡུན་རིང་ཞིང་ཚེགས་ཆེ་བ་ཞིག་ཡིན”ཞེས་བཤད།

ཟླ2པའི་ཚེས28ཉིན། ཞིག་གསོ་བྱས་ཟིན་པའི་བླ་བྲང་དགོན་པའི་དཔེ་མཛོད་ཁང་དུ། དཔེ་རྙིང་ཡིག་ཚང་རྣམས་དཔེ་སྒྲོམ་གསར་པ་རུ་གྲལ་ལེགས་པར་བསྒྲིགས་ཡོད། པར་བ། ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པ། ཏིང་སི།
ཉེ་བའི་ལོ་དུ་མའི་རིང་ལ། ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་རིགས་དཔེ་རྙིང་སྲུང་སྐྱོབ་དག་སྒྲིག་གི་ལས་གཞི་སྤེལ་ཏེ། མ་དངུལ་བསྡུ་རུབ་བྱས་ཏེ་བླ་བྲང་དགོན་པའི་དཔེ་མཛོད་ཁང་གི་དཔེ་རྙིང་ཡིག་ཚང་སྲུང་སྐྱོབ་དག་སྒྲིག་དང་གྲངས་འཛིན་ཅན་དུ་བསྒྱུར་བའི་ལས་ཀ་ལ་རྒྱབ་སྐྱོར་བྱས། ད་ཆ་བླ་བྲང་དགོན་པའི་དཔེ་མཛོད་ཁང་གི་དཔེ་ཉར་སྒྲིག་བཀོད་ལེགས་བསྒྱུར་དང་དཔེ་རྙིང་དག་སྒྲིག་སྲུང་སྐྱོབ་ལས་གཞིའི་རིམ་པ་དང་པོ་ཡོངས་སུ་གྲུབ་ཅིང་། དཔེ་རྙིང་ཉར་ཚགས་ཀྱི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་བཅོས་བཏང་།ཉེ་ཆར་གསར་འགོད་པ་དཔེ་མཛོད་ཁང་དུ་ཕྱིན་པ་ན། དཔེ་མཛོད་ཁང་དེ་ལ་བང་རིམ་གསུམ་དང་ལྡན་ཞིང་། བང་རིམ་དང་པོའི་དཔེ་སྒྲོམ་དུ་རིགས་སྣ་ཕྱེས་ཟིན་པའི་དཔེ་རྙིང་རྩ་ཆེན་རྣམས་གྲལ་ལེགས་པར་གཤིབས་ཡོད། དཔེ་སྒྲོམ་ཡང་སྔར་གྱི་ལྕགས་གྱིས་བྱས་པའི་དཔེ་སྒྲོམ་རྙིང་བ་ལས་བརྟན་ཞིང་བརླན་འགོག་ཐུབ་པའི་ཤིང་སྒྲོམ་དུ་བརྗེས། ཞིག་གསོ་དང་ཚོན་རིས་བཏང་བའི་ཀུན་དགའ་ར་བ་གསར་པ་གསར་རྐྱང་དུ་སྣང་ཞིང་། དཔེ་མཛོད་ཁང་གི་བང་རིམ་གཉིས་པ་དང་གསུམ་པ་ད་ལོར་མུ་མཐུད་དུ་ཞིག་གསོ་བྱེད་ཀྱིན་པ་མཐོང་།
དཔེ་རྙིང་གསུམ་ཆའི་གཅིག་ལྷག་ད་དུང་དག་སྒྲིག་བྱས་ཚར་མེད་པས། དེར་གཞིགས་ཏེ་འཇམ་དཔལ་གྱིས་“ད་དུང་ལོ་ངོ་དུ་མའི་དུས་ཚོད་དགོས་ས་རེད། དག་སྒྲིག་གི་ལས་ཀ་ངེས་པར་ཏན་ཏན་ཏིག་ཏིག་ཏུ་བསྒྲུབ་དགོས”ཞེས་བཤད།
དཔེ་རྙིང་གྲངས་འཛིན་ཅན་གྱི་མ་འོངས་པ་གླེང་བའི་ཚེ། འཇམ་དཔལ་ན་རེ། འདི་ནི་བླ་བྲང་དགོན་པའི་དཔེ་རྙིང་སྲུང་སྐྱོབ་ངེས་པར་ཏུ་བརྒྱུད་དགོས་པའི་ལམ་བུའོ། །
ཁོང་གིས་རེ་བ་དང་བཅས་ཏེ། “སླད་མར་གལ་ཏེ་བསྟན་བཅོས་ཤིག་བཙལ་དགོས་ཚེ། ད་ལྟ་དང་འདྲ་བར་གླེགས་བམ་རེ་རེ་བཞིན་སྔོག་མི་དགོས་ཤིང་། སྐས་ལ་འཛེགས་ཏེ་འཚོལ་ལེན་སོགས་བྱ་མི་དགོས་པར། གྲངས་འཛིན་ཅན་གྱི་དཔེ་རྙིང་གི་དཀར་ཆག་ཁ་ཕྱེས་པ་ན། དེ་མ་ཐག་ཏུ་རྙེད་ཐུབ་པས་ཤིན་ཏུ་སྟབས་བདེ་ཡིན”ཞེས་བཤད།
འབྲེལ་ཡོད་འོས་སྦྱོར།