logo

ལོ་ཁྲི10ཡི་ཡར་ནས་མཚོ་བོད་ས་མཐོར་མི་ཡོད་པ་བདེན་དཔང་བྱས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། དུས་ཚོད།:2025-04-15 ཀློག་གྲངས།:
       ཉེ་ཆར་རྒྱལ་ཁབ་རིག་གནས་ཤུལ་བཞག་ཅུས་དང་། བོད་རང་སྐྱོང་ལྗོངས་རིག་གནས་ཤུལ་བཞག་ཅུས།བོད་རང་སྐྱོང་ལྗོངས་རིག་གནས་ཤུལ་བཞག་སྲུང་སྐྱོང་ཞིབ་འཇུག་སུའོ་བཅས་ཀྱིས་གཙོ་གཉེར་བྱས་པའི་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་སྙན་ཞུའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག2021ལོ་ནས2024ལོ་བར་གྱི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གཙོ་གནད་མང་པོ་དང་དེ་བཞིན་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་དང་ཞིབ་འཇུག་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་རེད།
       2021ལོ་ནས2024ལོའི་བར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡིས་ཚན་ཞིབ་སྒྲིག་གཞི་མང་པོ་དང་མཉམ་ལས་བྱས་ཏེ། གནའ་བོའི་རྗེས་ཤུལ་དང་གནའ་བོའི་བང་སོ17དང་འབྲེལ་བའི་རང་འགུལ་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་ལས་དོན་ཁག34སྤེལ་བ་རེད།
       དེའི་ནང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཟངས་དཀར་སྒང་གནའ་ཤུལ་དང་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གི་མེ་ལོང་ལྟག་ཕུག་བྲག་ཕུག་ནས་ད་དུང་རྡོ་ཆས་དང་སྲོག་ཆགས་ཀྱི་འགྱུར་རྡོ་སོགས་རིག་གནས་ཤུལ་བཞག་རྙེད་ཡོད། ཚན་རིག་གི་ལོ་ཚད་བརྟག་ཐབས་སོགས་སྤྱད་དེ་དེ་དག་གི་ལོ་རབས་ལོ་ཁྲི10ཡི་ཡར་སྔོན་ཡིན་པ་མངོན་ཞིང་། དེ་ལས་ལོ་ངོ་ཁྲི10ཡི་སྔོན་ལ་མིའི་རིགས་མཚོ་བོད་ས་མཐོའི་དབུས་ཁུལ་དུ་བསྐྱོད་ཟིན་པ་མཚོན་གྱི་ཡོད། ད་ཐེངས་བོད་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་སྙན་ཞུའི་ཚོགས་འདུའི་ནང་ཁྱོན་ཚན་རིག་ཞིབ་འཇུག་སྒྲིག་གཞི12ཞུགས་པ་དང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཕུན་སུམ་ཚོགས་པར་ཚད་མཐོའི་གདེང་འཇོག་གནང་བ་རེད།
       གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་འབོར་ཆེན་ཐོག་ནས། ད་ལྟའི་བར་ལོ་ངོ་ཁྲི10ཡར་སྔོན་ནས་མིའི་རིགས་མཚོ་བོད་ས་མཐོའི་དབུས་ཁུལ་དུ་བསྐྱོད་པ་མཚོན་ཞིང་། དུས་རིམ་མི་འདྲ་བའི་ལག་རྩལ་ཤེས་དཔལ་དག་བོད་ལྗོངས་སུ་གསོ་སྐྱོང་དང་འཕེལ་རྒྱས་ཕྱིན་པ་དང་། བོད་ལྗོངས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་གྲུབ་ཚུལ་གྱི་གྲུབ་ཆ་གལ་ཆེན་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་མངོན་ཡོད་ལ། གསར་དུ་ཤེས་རྟོགས་དང་ཞིབ་འཇུག་གྲུབ་འབྲས་དེ་དག་ལ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལས་རིགས་ཀྱི་དོ་སྣང་ཆེན་པོ་ཐོབ་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།