logo

ད་ནས་བཟུང་གཉེན་སྒྲིག་དང་གཉེན་འཐོར་ལ་ཁྱིམ་ཐོ་མི་དགོས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། དུས་ཚོད།:2025-05-13 ཀློག་གྲངས།:
       བཟོ་བཅོས་བྱས་པའི«གཉེན་སྒྲིག་ཐོ་འགོད་སྲོལ་ཡིག»2025ལོའི་ཟླ5པའི་ཚེས10ཉིན་ནས་ལག་བསྟར་བྱས། «སྲོལ་ཡིག»བཟོ་བཅོས་བྱས་པའི་ནང་གཉེན་སྒྲིག་ཁྱིམ་ཚང་གི་ཞབས་ཞུའི་ནང་དོན་ཇེ་མང་དུ་བཏང་བ་དང་། གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་སུ་བསྒྲུབ་པ”ལག་བསྟར། གཉེན་སྒྲིག་ཐོ་འགོད་ཞབས་ཞུ་ཇེ་ལེགས་སུ་བཏང་བ་བཅས་ནང་དོན་གཙོ་བོ་ཕྱོགས་གསུམ་འདུ།
       «སྲོལ་ཡིག»ལས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་གཉེན་སྒྲིག་ཐོ་འགོད་ཀྱི་གྲོན་དངུལ་བླངས་མི་ཆོག་ཅིང་། གཉེན་སྒྲིག་དང་གཉེན་འཐོར་གྱི་ཐོ་འགོད་ལ་ཁྱིམ་ཐོ་སྤྲོད་མི་དགོས་པ་གསལ་པོར་བསྟན།
གཉེན་སྒྲིག་ཐོ་འགོད་སྐབས་སུ་གྲ་སྒྲིག་བྱ་དགོས་པའི་རྒྱུ་ཆ།
       རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་འབྲེལ་ཡོད་རྒྱུ་ཆར་མིང་རྟགས་འགོད་དགོས།
གཉེན་འཐོར་ཐོ་འགོད་སྐབས་སུ་གྲ་སྒྲིག་བྱ་དགོས་པའི་རྒྱུ་ཆ།
       རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་གཉེན་སྒྲིག་དཔང་ཡིག་གིས་ཆོག
འབྲེལ་ཡོད་འོས་སྦྱོར།