བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་དྲུག་པ་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2025-06-24
ཀློག་གྲངས།:
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་ལ་མཉམ་འབྲེལ་གྱིས་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་ལ་བསྒྲུབས་པ་དེས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཏེ། བོད་ཀྱི་དམངས་ཁྲོད་གཏམ་དཔེ་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་དུ་བཏང་ཡོད་པ་ལས་གཞན། བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་གྱི་བྱ་འགུལ་འདིར་བོད་འབྲེལ་ས་ཁུལ་ཀུན་ནས་མགྲིན་གཅིག་དབྱངས་གཅིག་གིས་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་ཡོད། དེ་བས་ཀྱང་དམངས་ཁྲོད་རིག་གནས་སྔོག་འདོན་དང་རྒྱུན་འཛིན་གྱི་བྱ་འགུལ་འདིས། དུས་རབས་གསར་པའི་བོད་འབྲེལ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། རྒན་བཀུར་ཆུང་བྱམས། རུ་སྡེ་འཆམ་མཐུན་བཅས་ཀྱི་ཐད་ལའང་དྲིལ་སྒྲོག་དང་ཡར་སྐུལ་གྱི་ནུས་པ་མི་དམན་པ་བཏོན་ཡོད་པས། ད་ལོ་ཡང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་དང་རྩེ་ཁོག་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། རྩེ་ཁོག་རྫོང་རིག་གནས་ཁང་བཅས་ཀྱིས་འགན་སྒྲུབ། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་ཀུང་སིས་རོགས་སྒྲུབ་བཅས་བྱས་ཏེ། སྤྱི་ཟླ་བདུན་པའི་ཟླ་སྨད་དུ་རྩེ་ཁོག་སྨན་ལྗོངས་ཕྱུག་མོ། སྲིད་པ་གཏམ་གྱི་ཕ་ས་རུ་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་དྲུག་པ་བསྡུ་རྒྱུ་ཡིན།
གཅིག འགྲན་ཞུགས་ས་ཁོངས་དང་མི་གྲངས། འགྲན་སྡུར་གྱི་རྣམ་གྲངས།
འགྲན་ཞུགས་པ་གདན་འབོད་ཀྱི་ཁྱབ་ཁོངས་ལ་སྔར་བཞིན་དུ་རང་ཞིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། དེ་མིན་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་འགྲན་ཞུགས་ཁྱབ་ཁོངས་དྲུག་ནས་སྔར་ལོ་བཞིན་འཐུས་ཚབ་གཏམ་བཤད་པ་བཅུ་རེ་བསྡུ་འཆར་ཡོད་པར་མ་ཟད། ད་ལོའི་འགྲན་སྡུར་ལ་ཐུན་མིན་གྱི་ཁྱད་ཆོས་གཞན་ཞིག་མངའ་བ་ནི། སྔ་མའི་གཏམ་དཔེ་འགྲན་སྡུར་སྟེང་། གོང་གསལ་གྱི་འགྲན་ཁུལ་རེ་ནས་སྐྱེས་མ་ལྔ་རེ་བདམས་ཏེ་སྐྱེས་མའི་བཤད་པ་ཅི་རིགས་ཀྱི་འགྲན་སྡུར་དང་དེ་མིན་ན་ཆུང་བྱིས་པའི་གཏམ་དཔེ་འགྲན་སྡུར་བཅས་ཀྱི་རྣམ་གྲངས་ཀྱང་གསར་དུ་ཁ་སྣོན་བྱས་ཡོད།
གཉིས། འགྲན་ཞུགས་པར་བཏོན་པའི་བླང་བྱ།
༡ འགྲན་ཁུལ་དྲུག་ནས་བདམས་ཐོན་བྱུང་བའི་གཏམ་བཤད་པས་རང་ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་མིང་ཐོ་བཀོད་དེ་འགྲན་སྡུར་ལ་ཞུགས་དགོས་པ་ལས། རྩ་འཛུགས་ཀྱི་བཀོད་འདོམས་བརྩི་སྲུང་མ་བྱས་པར་སྒེར་ངོས་ནས་གཏམ་བཤད་འགྲན་སྡུར་སྟེང་ཞུགས་མི་ཆོག
༢ འགྲན་ཞུགས་པ་ཚོས་གཏམ་བཤད་ཀྱི་ནང་དོན་ས་གྱོད་ཆུ་གྱོད་ཁོ་ན་ལས་བརྒལ་ཏེ། དུས་རབས་ཀྱི་འགྲོས་དང་མཐུན་ཞིང་སྲིད་ཇུས་ཀྱི་གླེང་ཕྱོགས་དང་མཐུན་དགོས་ཤིང་། མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། ཡུལ་སྲོལ་གོམས་གཤིས། རུ་སྡེ་འཆམ་མཐུན། བཟའ་ཚང་འགྲིག་མཐུན། ཟས་ནོར་སྤྱོད་ཤེས་སོགས་དྲང་ཕྱོགས་ཀྱི་གླེང་གཞི་གཙོ་བོར་བཟུང་ནས་གྲ་སྒྲིག་གང་ལེགས་བྱ་དགོས།
༣ སྐྱེས་མ་གཏམ་བཤད་པ་ཚོས་ཡིད་འཇོག་བྱ་དགོས་པ་ནི། སྐྱེས་མ་ཚོས་སྲོལ་རྒྱུན་གཉེན་སྟོན་གྱི་བཤད་པ་ཅི་རིགས་གཙོར་བཟུང་ནས་རི་ཆུ་ལ་བསྟོད་པ་དང་འཚོ་བ་ལ་བསྟོད་པ། རྒྱན་གོས་ལ་བསྟོད་པ། ཡུལ་སྲོལ་ལ་བསྟོད་པ། འཆམ་མཐུན་ལ་བསྟོད་པ་སོགས་ཀྱི་བཤད་པ་ཅི་རིགས་གྲ་སྒྲིག་ལེགས་པོ་བྱས་ཏེ་འགྲན་སྡུར་ལ་ཞུགས་དགོས།
གསུམ། འགྲན་ཞུགས་སྐབས་སུ་མཉམ་འཇོག་བྱ་ཡུལ།
འགྲན་ཞུགས་པ་ཚོའི་ཕར་འགྲོ་ཚུར་འོང་གི་འགྲུལ་བཞུད་ལ་ས་གནས་འབྲེལ་ཡོད་སྡེ་ཁག་གིས་གཅིག་གྱུར་གྱིས་རྩ་འཛུགས་བྱ་དགོས་པ་དང་། འགྲན་སྡུར་སྐབས་ཀྱི་བདེ་འཇགས་ལ་ས་གནས་སོ་སོའི་སྣེ་ཁྲིད་པས་འགན་འཁུར་དགོས། གཏམ་བཤད་པ་ཚོས་འགྲན་སྡུར་སྐབས་སུ་སྐད་ཆའི་སྒྱུ་རྩལ་ལ་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པར་འབད་བརྩོན་ཅི་ནུས་བྱ་དགོས་པ་ལས། འཛེམ་བྱའི་བྱ་སྤྱོད་ཀྱི་འཆལ་གཏམ་རིགས་རྩ་བ་ནས་སྤངས་དགོས།
འབྲེལ་གཏུག་བྱ་ཡུལ། ཚེ་རིང་བཀྲ་ཤིས། ཁ་པར་ཨང་གྲངས། 15500748687
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས།
སྤྱི་ལོ2025ལོའི་ཟླ6པའི་ཚེས23ཉིན།

འབྲེལ་ཡོད་འོས་སྦྱོར།