མཚོ་སྔོན་དུ་རྡོ་ཆས་རྙིང་མ་དང་སྲོག་ཆགས་ཀྱི་འགྱུར་རྡོ་ཡོད་སའི་གནས4རྙེད་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
དུས་ཚོད།:2025-06-25
ཀློག་གྲངས།:
ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡིས་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་བཙུགས་ནས།མཚོ་སྔོན་གྱི་བྱང་ཤར་རྒྱུད་ཀྱི་ས་ཁོངས་སུ་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ཀྱི་ཆེད་དོན་རྟོག་ཞིབ་བྱས་ཏེ། སྔ་རྟིང་དུ་རྡོ་ཆས་རྙིང་མ་དང་སྲོག་ཆགས་ཀྱི་འགྱུར་རྡོ་ཡོད་སའི་གནས4ཤེས་རྟོགས་བྱུང་བར་མ་ཟད་གཏན་འཁེལ་བྱས།
རྨ་ཙོང་གཞོང་ས་ནི་གསར་སྐྱེད་དུས་སྐབས་སུ་གནའ་བོའི་མིའི་རིགས་གནས་སྤོ་དང་རིག་གནས་འཕེལ་རྒྱས་བརྒྱུད་སྤེལ་གྱི་ས་ཁུལ་དང་བགྲོད་ལམ་གལ་ཆེན་ཞིག་ཡིན། ཐེངས་འདིའི་རྟོག་ཞིབ་དམིགས་ཡུལ་ནི་མཚོ་སྔོན་གྱི་ཤར་རྒྱུད་ས་ཁུལ་དང་ལྷག་པར་རྨ་ཆུའི་འབབ་རྒྱུད་གཙོ་བོ་དང་ཙོང་ཆུའི་ཆུ་ལག་གི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་རིག་དངོས་ཐོན་ཁུངས་ཀྱི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱས་ཏེ། གནའ་རྫས་རྟོག་ཞིབ་ཀྱི་ས་ཁོངས་འབེལ་པོ་ཕུན་སུམ་ཇེ་ཚོགས་དང་ཉམས་ཞན་ཅན་ལ་ཤུགས་བསྣན་ཏེ་མཚོ་སྔོན་ས་ཁུལ་གྱི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སྔར་བས་ཇེ་ཟབ་ཏུ་གཏང་རྒྱུ་དེ་རེད།
མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་རྨ་ཙོང་གཞོང་སའི་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་ནས། རྟོག་ཞིབ་ས་ཁོངས་ནང་ཕུང་གསོག་གི་ཁྱབ་རྒྱ་ཆེ་ཞིང་རིག་གནས་ཤུལ་བཞག་གི་གནས་མང་པོ་ཞིག་ཡོད་གཤིས་ཞིབ་འཇུག་བྱེད་ཆོག་པའི་གནའ་རྫས་རྟོག་ཞིབ་ཀྱི་ཤུལ་བཞག་སྐོར་ཞིག་ལག་སོན་བྱུང་། སྐོར་ཐེངས་འདིའི་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ཆེད་དོན་རྟོག་ཞིབ་བྱ་བས་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ས་ཁོངས་ཀྱི་རྨ་ཙོང་གཞོང་སའི་གནའ་བོའི་མིའི་རིགས་ཀྱི་བྱེད་སྒོའི་ཤུལ་བཞག་གི་ཁྱབ་ཁོངས་ལ་སྔར་ལས་རྒྱུས་ལོན་བྱེད་ཐུབ་པ་བྱུང་།
ཐེངས་འདིའི་རྟོག་ཞིབ་ལས་མཚོ་སྔོན་ཤར་རྒྱུད་ས་ཁུལ་གྱི་མིའི་རིགས་ཀྱི་བྱེད་སྒོའི་ལོ་རྒྱུས་ལ་ངོས་འཛིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཅིང་། མདོ་དབུས་མཐོ་སྒང་དང་ཐ་ན་ཨེ་ཤ་ཡ་བྱང་ཤར་ས་ཁུལ་གྱི་གསར་སྐྱེད་དུས་སྐབས་ཀྱི་གནའ་བོའི་མིའི་རིགས་ཀྱི་འཚོ་གནས་དང་འཕོ་བསྐྱས་ཀྱི་ཁྱབ་ཚད། རིག་གནས་བརྗེ་རེས་སོགས་ཚན་རིག་གནད་དོན་ལ་ཞིབ་འཇུག་དང་གྲོས་སྡུར་བྱེད་པར་དཔྱད་གཞི་དང་མཐོང་སྣེ་གསར་པ་འདོན་སྤྲོད་བྱས། རྟོག་ཞིབ་ལས་རྙེད་པའི་རྡོ་ཆས་རྙིང་མ་དང་སྲོག་ཆགས་ཀྱི་འགྱུར་རྡོ་ཡོད་སའི་གནས་དེ་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་ཁོངས་གཏོགས་སུ་ཡོད། སླད་ཕྱིན་ཡང་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ས་ཁོངས་དེར་གནའ་རྫས་རྟོག་ཞིབ་དང་ཞིབ་འཇུག་བྱ་བ་མུ་མཐུད་དུ་སྤེལ་ནས་ས་ཁོངས་དེའི་གནའ་རྫས་རྟོག་ཞིབ་ཀྱི་ལོ་སྒྲིག་རིམ་པ་དང་རིག་གནས་ཀྱི་ནང་དོན་མུ་མཐུད་དུ་འཐུས་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ་ཡིན་ཏོ། །

འབྲེལ་ཡོད་འོས་སྦྱོར།