ཡུས་ཧྲུའུ་ཁྲི་འདུ་རྩྭ་ཐང་གི་དགྱེས་འཛོམས་ཆེན་མོ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
དུས་ཚོད།:2025-08-05
ཀློག་གྲངས།:
ཟླ་བདུན་པའི་ཁྲི་འདུའི་རྩྭ་ཐང་ཆེན་མོ་ནི་ལྗང་མདོག་གི་རི་མོ་ཞིག་དང་འདྲ་ལ། སྦྲ་ནག་གི་ཚོམ་བུས་རྒྱན་པའི་རྩྭ་ཐང་གི་ཁོད་དུ་ལང་ལོང་རྒྱུ་བའི་མི་ཚོགས་ཀྱི་འདུ་འགོད་ཁྲོད་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དཔལ་ཡོན་རིག་གནས་ཀྱི་ཡུལ་སྐོར་དུས་ཆེན་སྐབས་བཅུ་གསུམ་པའི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད།

གླུ་བྲོའི་ཕ་ས་དང་རྟ་རྩལ་གྱི་ཕ་ཡུལ་ཞེས་པའི་སྙན་པ་ཕྱོགས་བཅུར་གྲགས་པའི་ཁྲི་འདུ་རྫོང་ནི་སྲོལ་རྒྱུན་རིག་གནས་ཀྱི་རྨང་མཐུག་ཅིང་འབྲོག་ལས་འཚོ་ཚིས་ཀྱི་རྒྱུན་རིང་བའི་ཆ་ནས་དབྱར་གྱི་དགྱེས་འཛོམས་དང་མཐུན་པའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དཔལ་ཡོན་རིག་གནས་ཀྱི་ཡུལ་སྐོར་དུས་ཆེན་གཉེར་ནས་ཕྱོགས་བཞིའི་མགྲོན་པོར་འབྲོག་པའི་རིག་གནས་ཉམས་ལེན་བྱེད་དུ་བཅུག་ཡོད།

རང་བྱུང་གི་མཛེས་ལྗོངས་དམིགས་བསལ་བ་དང་། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ། ལོ་རྒྱུས་རིག་གནས་གཏིང་ཟབ་པ། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་རྩལ་འཁྲབ་སྟོན་སོགས་ལྟད་མོ་བའི་མིག་གི་དགའ་སྟོན་དང་རྣ་བའི་གསོས་སུ་བཤམས་པས། མི་རྣམས་ཀྱིས་སྤྲོ་སེམས་ཀྱི་དགའ་འབོད་དང་བསྟོད་ཚིག་གི་མེ་ཏོག་གཏོར་བཞིན་མཆིས།

བྱེད་སྒོ་སྤེལ་རིང་ས་གནས་དེ་གའི་དམངས་སྲོལ་རིག་གནས་འགྲེམས་སྟོན་དང་། དམངས་སྲོལ་བྱེད་སྒོ། ལོ་རྒྱུས་ངོ་སྤྲོད་དང་འབྲོག་པའི་རིག་གནས་ཉམས་ལེན། སྦྲ་ནག་ཞིམ་ཟས་མྱོང་རོལ། རྟ་རྩལ་ངོམས་པ། སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་འགྲེམས་སྟོན། སྲོལ་རྒྱུན་ལུས་རྩལ་འགྲེམས་སྟོན་སོགས་ཀུན་ལ་རིམ་པས་སྤྱན་བསྟར་ཞུས་ཡོད།
འབྲེལ་ཡོད་འོས་སྦྱོར།