རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས«རིན་མེད་སློབ་སྔོན་སློབ་གསོ་རིམ་བཞིན་ཁྱབ་སྤེལ་གཏོང་བའི་སྐོར་གྱི་བསམ་འཆར»དཔར་འགྲེམ་བྱས།
རྩོམ་པ་པོ།:མཁའ་མཚོ་སྐྱིད་ཀྱིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2025-08-08
ཀློག་གྲངས།:
ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས«རིན་མེད་སློབ་སྔོན་སློབ་གསོ་རིམ་བཞིན་ཁྱབ་སྤེལ་གཏོང་བའི་སྐོར་གྱི་བསམ་འཆར»(གཤམ་དུ«བསམ་འཆར»ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ། སློབ་སྔོན་སློབ་གསོའི་ཁྱབ་གདལ་དང་ཀུན་ཕན། བདེ་འཇགས། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།
«བསམ་འཆར»ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་དམངས་མང་ཚོགས་ལ་མཁོ་བའི་དགོས་མཁོར་དམིགས་ཏེ། ཁྱབ་གདལ་དང་ཀུན་ཕན་ལ་ཤུགས་སྣོན་པ་དང་། བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། སྲིད་གཞུང་གིས་དངུལ་གཏོང་ཇེ་མང་དུ་གཏོང་བ། གྲོན་དངུལ་ལུགས་མཐུན་གྱིས་བགོ་བཤའ་རྒྱག་པ་བཅས་ཀྱི་རྩ་དོན་ལྟར། སློབ་སྔོན་སློབ་གསོའི་གྲོན་དངུལ་རིམ་བཞིན་མེད་པར་བཟོ་རྒྱུ་དང་། སློབ་གསོའི་མ་གནས་ཇེ་དམའ་རུ་གཏོང་རྒྱུ། གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་བྱས་ཏེ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་གཉེར་དགོས།
«བསམ་འཆར»ཁྲོད2025ལོའི་སྟོན་ཁའི་སློབ་སྐབས་ནས་བཟུང་། གཞུང་གཉེར་བྱིས་གཉོར་ཁང་གི་སློབ་ལོ་གཅིག་གི་སྔོན་གྱི་བྱིས་པའི་བྱིས་སྐྱོང་གྲོན་དངུལ་མེད་པར་བཟོ་དགོས། བྱིས་སྐྱོང་སློབ་གསོའི་གྲོན་དངུལ་མེད་པར་བཟོ་བའི་ཚད་གཞི་དེ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་སློབ་གསོ། རིན་གོང་གཙོ་སྐྱོང་སྡེ་ཁག་གིས་ཆོག་མཆན་བཀོད་པའི་གཞུང་གཉེར་བྱིས་གཉོར་ཁང་གི་སློབ་གསོའི་གྲོན་དངུལ་བསྡུ་བའི་ཚད་གཞི(ཟས་རིན་དང་། སྡོད་རིན། སིལ་གྲོན་སོགས་མི་འདུས)ལྟར་ལག་བསྟར་བྱེད་དགོས། སློབ་གསོའི་སྡེ་ཁག་གིས་ཆོག་མཆན་བཀོད་དེ་བཙུགས་པའི་དམངས་གཉེར་བྱིས་གཉོར་ཁང་དུ་སློབ་སྦྱོང་བྱས་པའི་སློབ་ལོ་རན་པའི་བྱིས་པར། ས་གནས་དེ་གའི་རིགས་མཐུན་པའི་གཞུང་གཉེར་བུ་བཅོལ་ཁང་གི་ཆུ་ཚད་མེད་པར་བཟོ་རྒྱུ་དང་། དེ་མཚུངས་ཀྱི་བྱིས་སྐྱོང་སློབ་གསོའི་གྲོན་དངུལ་ཆག་ཡང་དུ་གཏོང་དགོས། དམངས་གཉེར་བུ་བཅོལ་ཁང་གི་བྱིས་སྐྱོང་གྲོན་དངུལ་གྱི་ཆུ་ཚད་ལས་མཐོ་བའི་ཆ་དེ་བྱིས་གཉོར་ཁང་གིས་གཏན་འབེབས་ལྟར་མུ་མཐུད་བུ་བཅོལ་ཁང་གི་བྱིས་པའི་ཁྱིམ་ཚང་དུ་བསྡུ་ལེན་བྱས་ཆོག བྱིས་སྐྱོང་སློབ་གསོའི་གྲོན་དངུལ་མེད་པར་བཟོས་ཏེ་བུ་བཅོལ་ཁང་གི་ཡོང་འབབ་ཇེ་ཉུང་དུ་སོང་བའི་ཆ་དེ་ནོར་སྲིད་སྡེ་ཁག་གིས་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པའི་མི་གྲངས་དང་། གནས་སའི་བྱིས་སྐྱོང་སློབ་གསོའི་གྲོན་དངུལ་ཚང་མར་གྲོན་དངུལ་བསྡུ་བའི་ཆུ་ཚད་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་བྱིས་གཉོར་ཁང་ལ་ཁ་གསབ་བྱེད་དགོས་པ་གཏན་འཁེལ་བྱས།
«བསམ་འཆར»ལས་བསྟན་དོན། རྒྱལ་ཁབ་ཀྱིས་གཅིག་གྱུར་གྱིས་ལག་བསྟར་བྱེད་པའི་སློབ་གསོའི་གྲོན་དངུལ་འཕྲི་གཅོག་སྲིད་ཇུས་ཀྱི་རྨང་གཞིའི་སྟེང་། ཞིང་ཆེན་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་བྱིས་པ་དང་། དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་སོགས་ཚོགས་སྤྱིར་རོགས་དངུལ་སྤྲོད་པའི་སྲིད་ཇུས་ལག་བསྟར་དང་། མས་སྐྱོར་འགན་སྲུང་ཡག་པོར་བྱེད་དགོས། དུས་མཚུངས་སུ«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོའི་བཅའ་ཁྲིམས»དོན་འཁྱོལ་ནན་ཏན་བྱེད་པ་དང་། གཞི་རྩར་འགན་སྲུང་དང་ཀུན་ཕན་ལ་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་སྔོན་སློབ་གསོའི་དངུལ་གཏོང་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས།
«བསམ་འཆར»ལས་ཞིང་ཆེན་སོ་སོས་ཞིང་ཆེན་རིམ་པའི་གཅིག་འདོམས་ཀྱི་ནུས་པ་འདོན་སྤེལ་དང་། བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགན་འཁྲི་ལས་བགོས་ཞིབ་མོར་བཟོ་བ། བྱེ་བྲག་གི་ལག་བསྟར་ཇུས་གཞི་གཏན་འབེབས། ས་ཁུལ་དེ་གས་ལག་བསྟར་བྱས་ཟིན་པའི་སློབ་སྔོན་སློབ་གསོའི་རོགས་དངུལ་སྲིད་ཇུས་དང་འབྲེལ་མཐུད་ཡག་པོ་བྱེད་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ནོར་སྲིད་དང་སློབ་གསོའི་སྡེ་ཁག་གིས་ཉིན་རྒྱུན་གྱི་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་དང་། མ་དངུལ་འགན་སྲུང་དང་བེད་སྤྱོད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཐོག་ཏུ་མ་དངུལ་འདང་ངེས་གཏོང་སྤྲོད་བཅས་བྱས་ནས། བུ་བཅོལ་ཁང་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། དགེ་རྒན་གྱི་གླ་ཕོགས་འགྱངས་ཆད་བྱེད་པར་ས་གནས་ཀྱི་རིམ་པ་སོ་སོའི་སློབ་གསོའི་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས། བུ་བཅོལ་ཁང་གི་བྱིས་པའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན། །

འབྲེལ་ཡོད་འོས་སྦྱོར།