ཏིང་ཀྱཱ་སྐུ་ཕྲེང་རིམ་བྱོན་གྱི་བརྩམས་ཆོས་འཚོལ་སྡུད་གསལ་བརྡ།
རྩོམ་པ་པོ།:མཚོ་ལྷོ་ཁུལ་གྲངས་ཉུང་མི་རིགས་གནའ་རྩོམ་གཞུང་ལས་ཁང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-22
ཀློག་གྲངས།:
ས་གནས་སོ་སོའི་དགོན་སྡེ་ཁག་དང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་ཞུ་དོན།
མཚོ་ལྷོ་ཁུལ་གྱི་ས་གནས་གནའ་རྩོམ་རིག་གནས་ཀྱི་ཐོན་ཁུངས་སྔར་ལས་ལྷག་པའི་སྒོ་ནས་སྔོག་འདོན་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་བྱས་ཏེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཆེད། འདིར་ཏིང་ཀྱཱ་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་བརྩམས་ཆོས་དག་སྒྲིག་པར་སྐྲུན་བྱ་རྒྱུར་དམིགས་ཏེ། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཏིང་ཀྱཱ་སྐུ་ཕྲེང་རིམ་བྱོན་གྱི་འབྲེལ་ཡོད་བརྩམས་ཆོས་ཀྱི་རྒྱུ་ཆ་འཚོལ་སྡུད་བྱ་རྒྱུ་ཡིན་པས། དགོན་སྡེ་སོ་སོ་དང་མི་སྒེར་སུ་ཞིག་ལ་ཏིང་ཀྱཱ་སྐུ་ཕྲེང་རིམ་བྱོན་གྱི་གསུང་ཆོས་ཀྱི་སྐོར་ལས་འཕྲིན་ཡིག་དང་གནས་བསྟོད། གསོལ་འདེབས་དང་སྒྲུབ་འཕྲིན། བསྐང་གསོལ་དང་གཞུང་འགྲེལ་སོགས་ཤླཽཀ་གཅིག་ཚུན་ཆད་ཅི་ཡོད་ཀྱང་། འདི་གའི་གནའ་རྩོམ་གཞུང་ལས་ཁང་ལ་མཁོ་སྤྲོད་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། འདིའི་སྐོར་གྱི་མཐོང་ཐོས་གཉེར་གསུམ་གྱི་གནས་ཚུལ་ཤེས་མཁན་ཡོད་ནའང་འདི་གར་མཁོ་སྤྲོད་གནང་བའི་རེ་བ་སྙིང་ནས་ཞུས་པ་ཡིན།
འཚོལ་སྡུད་བྱ་བ་བདེ་བླག་ངང་སྤེལ་ཆེད། འདིར་དེ་སྔོན་འཚོལ་རྙེད་བྱུང་བའི་ཡིག་ཆ་དག་ལས་ཏིང་ཀྱཱ་སྐུ་ཕྲེང་རིམ་བྱོན་གྱི་མཚན་གྱི་རྣམ་གྲངས་ཁག་ཟུར་ལྟའི་དཔྱད་གཞིར་ཕུལ་བ་གཤམ་གསལ་ལྟར།
སྐུ་ཕྲེང་དང་པོ། སྒོ་མེ་དཀའ་བཅུ་བ། སྒོ་མེ་ཆོས་རྗེ། དང་སྐྱ་བླ་མ། དང་སྐྱ་དཀའ་བཅུ། ཀུན་བཟང་རྒྱ་མཚོ། ཀུན་བཟང་སྙན་གྲགས་རྒྱ་མཚོ། རིག་འཛིན་ཀུན་བཟང་རྒྱ་མཚོ། རིག་འཛིན་ཀུན་བཟང་སྙན་གྲགས་རྒྱ་མཚོ། གྱི་ན་བ་ས་མུ་ཏྲ། སྔགས་བཙུན་ཀུན་བཟང་སྙན་གྲགས་རྒྱ་མཚོ། དང་ཀྱཱ་དཀའ་བཅུ། སྒོ་མེ་དྭངས་རྒྱ། དེང་ཀྱ། དེང་ཀྱལ། དང་ཀྱཱ་ཨེར་ཏི་ནི་དཱ་འི་ཆོས་རྗེ། སྒོ་མེ་དང་སྐྱ་མཆོག་སྤྲུལ་ཀུན་བཟང་སྙན་གྲགས་རྒྱ་མཚོ། སྒོ་མེ་ར་ཆོས་རྗེ། ཆེ་མཆོག་འདུས་པ་རྩལ། དིང་ཀྱ་རྡོ་རྗེ་འཆང་། དིང་སྐྱ། སྒོ་མེ་དྭང་སྐྱ་བླ་མ། མདོ་སྨད་གསང་གླིང་བླ་མ།
སྐུ་ཕྲེང་གཉིས་པ། འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ། ཀུན་བཟང་བསྟན་པའི་ཉི་མ།
སྐུ་ཕྲེང་གསུམ་པ། ཀུན་བཟང་བདུད་འདུལ་རྡོ་རྗེ། ཀུན་བཟང་ཀརྨ་བདུད་འདུལ་རྡོ་རྗེ། ཀརྨ་བདུད་འདུལ་རྡོ་རྗེ། འཕྲིན་ལས་བདུད་འདུལ་རྡོ་རྗེ། བདུད་འདུལ་བ། བདུད་འདུལ་ཧེ་རུ་ཀ སྔགས་སྨྱོན་བདུད་འདུལ་རྡོ་རྗེ། བདུད་འདུལ་སྔགས་ནག སྔགས་ནག་རྡོ་རྗེ། པདྨ་ཀློང་ཡངས་རྩལ། ཨྱོན་རྡོ་རྗེ། སྔགས་སྨྱོན་ཆང་འཐུང་བ། ཏིང་སྤྲུལ་གསུམ་པ། བཀའ་སྤྲུལ་བདུད་འདུལ་རྡོ་རྗེ། བཀའ་བཅུའི་སྤྲུལ་མིང་བ།
སྐུ་ཕྲེང་བཞི་པ། ཀུན་བཟང་རང་གྲོལ། ཨྱོན་ཀུན་བཟང་རང་གྲོལ། བླུན་པོ་པདྨ་རྒྱལ་པོ། ཏིང་སྤྲུལ་བཞི་པ།
འབྲེལ་གཏུགས་བྱ་ཡུལ། མཚོ་ལྷོ་ཁུལ་གྲངས་ཉུང་མི་རིགས་གནའ་རྩོམ་གཞུང་ལས་ཁང་།
ལྷ་མོ་ཚེ་སྐྱིད། 15609740312
གནས་བརྟན་ཡོན་ཏན། 15209748495
གཞུང་ལས་ཁང་གི་ཁ་པར། 0974 —8529556

འབྲེལ་ཡོད་འོས་སྦྱོར།