logo

པེ་ཅིང་ཕོ་བྲང་རྙིང་པར་བོད་ཀྱི་རིག་དངོས་འགྲེམས་སྟོན་བྱས་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-02-11 ཀློག་གྲངས།:
       པེ་ཅིང་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་སྟོན་ཁང་གིས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་སོགས་སྡེ་ཚན་མང་པོ་དང་མཉམ་འབྲེལ་ཐོག་སྤྱི་ཟླ2ཚེས10ཉིན་ནས་བཟུང་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་སྟོན་ཁང་དུ་ས་སྐྱའི་ལོ་རྒྱུས་རིག་གནས་དང་སྒྱུ་རྩལ་འགྲེམས་སྟོན་ཞེས་པ་འགྲེམས་སྟོན་བྱས་ཡོད།
       འགྲེམས་སྟོན་དེ་ཁུངས་བཙན་པའི་རིག་གཞུང་ཞིབ་འཇུག་ལ་གཞི་ཚུགས་ནས་རྩ་ཆེའི་རིག་དངོས200ལྷག་ཙམ་འགྲེམས་སྟོན་བྱས་ཏེ། ས་སྐྱ་དགོན་པའི་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ཀྱི་སྙིང་པོ་དང་། སྒྱུ་རྩལ་གྱི་ཁྱད་ཆོས། དེ་བཞིན་ཀྲུང་ཧྭ་མི་རིགས་མང་པོ་གཞི་གཅིག་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་ཀྱི་གང་དེའི་གལ་ཆེའི་ནུས་པ་བཅས་མངོན་པར་བྱས་ཡོད། འགྲེམས་སྟོན་དེ་སྤྱི་ལོ2026ལོའི་ཟླ་བ5ཚེས10ཉིན་བར་བྱ་རྒྱུ་ཡིན་པ་རེད།
       ས་སྐྱ་དགོན་ནི་སྤྱི་ལོ1073ལོར་ཕྱག་བཏབ་གནང་བ་དང་། མཚོ་བོད་ས་མཐོའི་ཧི་མ་ལ་ཡའི་རི་རྒྱུད་དང་ཡར་ཀླུང་གཙང་པོ་འབབ་ཁུལ་དུ་ཆགས་ཤིང་། བོད་རྒྱུད་ནང་བསྟན་ས་སྐྱ་བའི་གྲུབ་མཐའ་དར་ས་དེ་ཡིན།
       ས་སྐྱ་བའི་གྲུབ་མཐའ་ཡིས་མི་རིགས་མང་བའི་རིག་གནས་ཀྱི་ཁྱད་ཆོས་བསྡུ་ལེན་བྱས་པ་མ་ཟད། མཐའ་འཁོར་རྒྱལ་ཁབ་དང་། ས་ཁུལ་གྱི་སྒྱུ་རྩལ་སྙིང་པོ་མཉམ་འདྲེས་བྱས་ནས་ཀྲུང་ཧྭའི་རིག་གནས་ཀྱི་སྒྱུ་རྩལ་ལོ་རྒྱུས་དང་། མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་འོད་སྟོང་འབར་བའི་ལེའུ་བརྩམས་ཡོད།
འབྲེལ་ཡོད་འོས་སྦྱོར།