2026ལོའི་ལོ་གསར་སྐབས་ཀྱི་ཕོ་བྲང་ཕོ་ཏ་ལའི་མཇལ་སྐོར་དུས་ཚོད་ཁྱབ་བསྒྲགས་བྱས་པ།
རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2026-02-13
ཀློག་གྲངས།:
ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་མཛེས་ལྗོངས་ཁུལ་དུ་མཇལ་སྐོར་བྱས་ཆོག་པའི་སྐོར་གྱི་བརྡ་ཁྱབ།
རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མི།
ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི«2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གུང་གསེང་བཀོད་སྒྲིག་སྐོར་གྱི་བརྡ་ཐོ»ཡི་བླང་བྱ་གཞིར་བཟུང་ནས། 2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གུང་གསེང2026ལོའི་ཟླ2པའི་ཚེས15ཉིན་ནས་ཟླ2པའི་ཚེས26ཉིན་ཏེ་བསྡོམས་པས་ཉིན12རིང་ངལ་གསོ་བྱ་རྒྱུ་ཡིན། དུས་རབས་གསར་པའི་རིག་དངོས་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕོ་བྲང་པོ་ཏ་ལའི་འཛུགས་སྐྲུན་བདེ་འཇགས་སྲུང་སྐྱོབ་དང་རྒྱ་ཆེའི་ཡུལ་སྐོར་བའི་སྤྲོ་གསེང་ལྟ་སྐོར་ཉམས་ལེན་དང་ལྟ་སྐོར་སྒྲིག་ལམ་འགན་ལེན་བྱས་ནས། ཡུལ་སྐོར་བའི་རྒྱུན་ལྡན་གྱི་ལྟ་སྐོར་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་ཆེད། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། ད་ལྟ་འབྲེལ་ཡོད་དོན་དག་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ་ལྟར།
གཅིག དུས་ཚོད་ལེགས་སྒྲིག
(གཅིག) 2026ལོའི་ཟླ2པའི་ཚེས16ཉིན་དང་ཚེས23ཉིན་རྒྱུན་ལྡན་ལྟར་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ།
(གཉིས) བོད་ཀྱི་ལོ་གསར་གནམ་གང་ཉིན་མོ(2026ལོའི་ཟླ2པའི་ཚེས17ཉིན)ལ་ཉིན་གཅིག་རིང་སྒོ་རྒྱག་རྒྱུ། བོད་ཀྱི་ལོ་གསར་ཚེས་གཉིས་ཉིན(2026ལོའི་ཟླ2པའི་ཚེས19ཉིན)ལ་ཉིན་གཅིག་རིང་སྒོ་རྒྱག་རྒྱུ། བོད་ཀྱི་ལོ་གསར་ཚེས་གཅིག་ཉིན(2026ལོའི་ཟླ2པའི་ཚེས18ཉིན)གྱི་སྔ་དྲོའི་ཆུ་ཚོད6པར་སྒོ་ཕྱེ་བ་དང་། སྐབས་དེ་དུས་རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་ཕོ་བྲང་པོ་ཏ་ལའི་སྒོ་ཆེན(ལྷོ་སྒོ)ནས་ལྟ་སྐོར་སོང་ཆོག་པ་དང་། སྔ་དྲོའི་ཆུ་ཚོད11སྟེང་མཇལ་སྐོར་མཚམས་འཇོག་རྒྱུ་ཡིན།
གཉིས། གསལ་འདེབས་གཞན་དག
1.རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་ཀྱི་མི་ལུས་བདེ་འཇགས་འགན་ལེན་བྱ་ཆེད། བོད་ཀྱི་ལོ་གསར་ཚེས་གཅིག་ཉིན(2026ལོའི་ཟླ2པའི་ཚེས18ཉིན)ལྟ་སྐོར་ལམ་འགྲམ་དུ་མི་བགྲོད་ལམ་ར་བཀོད་སྒྲིག་བྱས་ཡོད་པས། རང་རྟོགས་ངང་གྲལ་བསྒྲིགས་ནས་རིམ་པ་བཞིན་ལྟ་སྐོར་བྱེད་དགོས་པ་ལས་འཚང་ཁ་རྒྱག་མི་རུང་།
2.དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གུང་གསེང་དང་ངལ་གསོའི་རིང་ས་གནས་དེ་གའི་མི་རྣམས་ཀྱིས་འབྲེལ་ཡོད་ལག་ཁྱེར་རམ་ཡང་ན་ངོ་སྤྲོད་ཡི་གེ་འཁྱེར་ནས་སྔོན་མངགས་འགྲོ་ལུགས་མ་སྒྲུབ་ན་ཆོག
3.ལྟ་སྐོར་བྱེད་པའི་བརྒྱུད་རིམ་ཁྲོད་མཛེས་ལྗོངས་ཁུལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་བ་དང་ལས་དོན་མི་སྣའི་བཀོད་སྒྲིག་ལ་བརྩི་སྲུང་བྱས་ཏེ། ཡ་རབས་ཚུལ་ལྡན་དང་གོ་རིམ་ལྡན་པའི་ངང་ལྟ་སྐོར་བྱེད་དགོས།
དེ་ལས་ཁྱེད་རྣམ་པར་སྟབས་མི་བདེ་བ་བཟོས་ཡོད་ན་དགོངས་འགལ་མེད་པར་ཞུ། མཛེས་ལྗོངས་ཁུལ་གྱིས་མུ་མཐུད་དུ་ཞབས་ཞུ་ཇེ་ལེགས་སུ་བཏང་ནས། ཁྱེད་ལ་བདེ་འཇགས་དང་གོ་རིམ་ལྡན་པ། བློ་བདེ་བག་ཕེབས་ཀྱི་ཡུལ་སྐོར་ཁོར་ཡུག་བསྐྲུན་ངེས་ཡིན། ཁྱེད་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ། །
འབྲེལ་ཡོད་འོས་སྦྱོར།
