logo

ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་མཇུག་གིXཡི་མཚོན་དོན་ཅི་ཡིན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2026-06-09 ཀློག་གྲངས།:
       ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་མཇུག་གིXཇི་ལྟར་ཀློག་པ་དང་དེའི་མཚོན་དོན་ཅི་ཡིན་ནམ་ཞེ་ན།
       Xཞེས་པའི་ཡིག་འབྲུ་འདིའི་ཀློག་སྟངས་ནི་ཨེ་ཁེ་སི(埃克斯)མིན་ལ་ཁྲ(叉)ཡང་མིན། Xནི་རོ་མའི་ཨང་ཀི10ཡི་དོན་ཡིན་པས། འདི་ལ་རྒྱ་ཡིག་གི་སྒྲ་ལྟར་ཧྲི(shí)ཞེས་ཀློག་པའམ་བོད་ཡིག་ཏུ་བཅུ་ཞེས་བཀླགས་ན་འོས་ཤིང་འཚམ་པ་ཡིན།དེ་ནི་རོ་མའི་ཨང་ཀིའི་གཞི་རྩའི་མཚོན་རྟགས་གྲས་ཀྱི་གཅིག་ཡིན་ལ། ཨང་ཀི10ཡི་དོན་རེད། Xཞེས་པ་ཇི་ལྟར་བྱུང་བའི་ཐད་ཀྱི་བཤད་ཚུལ་ཞིག་ནིV(Vནི་ཨང་ཀི་ལྔའི་མཚོན་རྟགས་ཡིན་པ)གཉིས་བརྩེགས་ནས་བྱུང་བ་ཡིན་ཞིང་། མི་ལ་ལས་དེས་ཕན་ཚུན་བསྣོལ་བའི་དཔུང་པ་གཉིས་མཚོན་པར་འདོད།
       ཐོབ་ཐང་ལག་ཁྱེར་གྱི་མཇུག་གནས་ཨང་གྲངས་དེ་ནི“སྡུར་བཤེར་ཨང་གྲངས”ཤིག་ཡིན་པ་དང་ཐོབ་ཐང་ལག་ཁྱེར་མདུན་གྱི་གྲངས་ཀ17འདེད་རྩིས་བྱས་ནས་བྱུང་བ་རེད། གལ་ཏེ་འདེད་རྩིས་ཨང་གྲངས10ཡིན་ཚེ། ཐད་ཀར“10”བྲིས་ན། གྲངས་གནས་གཉིས་ཡོད་པས། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས19རུ་འགྱུར་བ་དང་། དེ་རྒྱལ་ཁབ་ཀྱི་གཏན་འབེབས་ཚད་གཞི་ཨང་གྲངས18ཀྱི་རྣམ་གཞག་དང་མི་མཐུན་པ་རེད།
       རྒྱལ་ཁབ་ཀྱིས་ཡིག་འབྲུ་འདི་བེད་སྤྱོད་གཏོང་དོན་ནི་ཨང་གྲངས་མི་ནོར་བའི་ཆེད་དུ་ཡིན་པ་རེད། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ཁ་སྐོང་བྱེད་སྐབས། ནོར་འཁྲུལ་སྣ་ཚོགས་འབྱུང་སྲིད་པ་སྟེ། དཔེར་ན། ཨང་གྲངས་ཆད་པ་དང་ལྷག་པ་སོགས་ཀྱི་རྒྱུན་མཐོང་ནོར་འཁྲུལ་ལས་གཞན། གྲངས་ཀ་གཏག་ནོར་ཤོར་བ་སོགས་ཀྱི་ནོར་འཁྲུལ་ཡང་འབྱུང་བ་རེད། ཐོབ་ཐང་ལག་ཁྱེར་གྱི་སྒྲིག་གཞིའི་མ་ལག་གིས་ཐད་ཀར་སྔོན་གྱི་གྲངས་ཀ17རྩིས་བརྒྱབ་ཚེ་མཐའ་མཇུག་གི་གྲངས་ཀ་དེ་ཐོབ་པ་རེད། གལ་ཏེ་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་འབྲི་ནོར་ཤོར་ཚེ་མི་འཚམ་པ་ཤེས་ནས་འཕྲལ་མར་ནོར་འཁྲུལ་ཡོད་པའི་བརྡ་གཏོང་ཡོང་བ་རེད། དེར་མ་ཟད། འདྲ་མཚུངས་ཀྱི་ཨང་གྲངས་ཁ་སྐོང་ནོར་བ་དང་གྲངས་གནས་ནོར་བ་སོགས་ཀྱི་ནོར་འཁྲུལ་ཡང་ངོས་འཛིན་བྱེད་ཐུབ།
འབྲེལ་ཡོད་འོས་སྦྱོར།