logo

མ་ཐིས་དགོན(རྟ་རྨིག་དགོན)དགའ་ལྡན་དམ་ཆོས་གླིང་བསྐྱར་བཞེངས་ལེགས་གྲུབ་བྱུང་ལ་ཉེ།

རྩོམ་པ་པོ།:སངས་རྒྱས་སྐྱིད། ཡོང་ཁུངས།:མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། དུས་ཚོད།:2026-07-10 ཀློག་གྲངས།:
       ཟླ7པའི་ཚེས7ཉིན། ཀན་སུའུ་ཞིང་ཆེན་འབྲོང་ཡུལ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རང་སྐྱོང་རྫོང་མ་ཐིས་དགོན(རྟ་རྨིག་དགོན)དགའ་ལྡན་དམ་ཆོས་གླིང་བསྐྱར་བཞེངས་ལེགས་གྲུབ་ཟིན་ཉེར་ཡོད་པ་པར་ལེན་གནམ་གྲུས་པར་བླངས་པ་ཡིན་ལ། མ་ཐིས་དགོན(རྟ་རྨིག་དགོན)དགའ་ལྡན་དམ་ཆོས་གླིང་གི་བྲག་ཕུག་བྱང་མའི་བྲག་ངོས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་མཇུག་གྲིལ་ཉེར་ཡོད་པ་རེད།
       བྲག་ཕུག་ཡོད་སའི་བྲག་ངོས་གཟར་ལ་ཉེན་ཁ་ཡོད་པའི་བྲག་ཕུག་ཕལ་ཆེ་བ་སྒྲིག་བཀོད་དང་མི་སྣའི་བདེ་འཇགས་ལ་ཉེན་ཁ་ཆེ་སར་གནས་པ་དང། བྲག་ཕུག་རྡིབ་པའི་ས་གཤིས་གནོད་འཚེ་དེ་བྲག་ཕུག་ཁུལ་གྱི་བདེ་འཇགས་ཀྱི་གཙོ་གནད་དུ་གྱུར་ཡོད། དེར་བརྟེན2025ལོའི་ཟླ9པ་ནས་བཟུང་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་དེ་ལག་བསྟར་བྱས་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། མ་ཐིས་དགོན་གྱི་བྲག་ཕུག་ཚོགས་དེ་རྒྱལ་ཁབ་བཅུ་དྲུག་གི་ལིའང་བྱང་མའི་དུས་སྐབས་སུ་བརྐོས་པ་དང་ད་བར་དུ་ལོ་ངོ1600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། ཏུན་ཧོང་མའོ་ཀའོ་བྲག་ཕུག་དང་ཀྭ་ཀྲོའུ་ཡུས་ལིན་བྲག་ཕུག མ་ཐིས་དགོན་བྲག་ཕུག་གསུམ་ལ་རྨ་ནུབ་ནང་བསྟན་གནས་མཆོག་གི་སྒྱུ་རྩལ་གྱི་བང་མཛོད་ཆེན་མོ་གསུམ་ཞེས་གྲགས་པ་དང་། དེ་ནི་ཀྲུང་གོའི་བྲག་ཕུག་ནང་དུ་བྲག་ལམ་བརྐོས་པའི་བྲག་ཕུག་ཁོ་ན་ཡིན།
འབྲེལ་ཡོད་འོས་སྦྱོར།