logo

ཨ་མདོ་བརྙན་འཕྲིན་གྱིས་ཁ་ཤགས་གར་ཆུང་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།

རྩོམ་པ་པོ།: ཡོང་ཁུངས།:ཨ་མདོ་བརྙན་འཕྲིན། དུས་ཚོད།:2026-08-03 ཀློག་གྲངས།:
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས༢༠༢༧ལོའི་ལོ་གསར་དགོང་ཚོགས་ཀྱི་ཁ་ཤགས་གར་ཆུང་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།

       ལོ་གསར་དགོང་ཚོགས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཁ་ཤགས་གར་ཆུང་འདི་ཉིད་མི་ཉམས་གོང་སྤེལ་གཏོང་ཆེད། ངེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས། 2027ལོའི་ལོ་གསར་དགོང་ཚོགས་སུ་ཁ་ཤགས་དང་གར་ཆུང་གི་བརྩམས་ཆོས་བསྡུ་འཆར་ཡོད་ལ། དེར་དགོས་ངེས་ཀྱི་བླང་བྱ་ཁ་ཤས་ཡོད་པ་གཤམ་གསལ་ལྟར།
       གཅིག སྤྱི་ཚོགས་འཆམ་མཐུན་དང་བདེ་སྐྱིད་འཚོ་བ་བརྗོད་བྱར་བཟུང་སྟེ། བཟང་ལ་ཡར་བསྟོད་དང་ངན་ལ་སུན་འབྱིན་གྱི་གོ་སྐོན་སློབ་གསོའི་ནུས་པ་ལྡན་དགོས།
       གཉིས། ལོ་གསར་གྱི་རྣམ་པ་དང་འཚམ་ཞིང་ཁ་མཚར་ཀུ་རེའི་ཁྱད་ཆོས་འབུར་དུ་ཐོན་དགོས་པ།
       གསུམ། ཁ་ཤགས་འཁྲབ་བཤད་དང་གར་ཆུང་འཁྲབ་སྟོན་སོགས་གསོན་ཉམས་ལྡན་ཞིང་འཁྲབ་རྩལ་ལེགས་པར་ཐོན་དགོས་པ།
       བཞི། ཁ་ཤགས་དང་གར་ཆུང་གི་འཁྲབ་གཞུང་དང་འཁྲབ་སྟོན་བརྙན་རིས་ཟུང་འབྲེལ་སྒོས་འབྱོར་དགོས་པ། བརྙན་གྱི་རྣམ་པMP4ཡིན་དགོས།
       ལྔ། ཁ་ཤགས་དང་གར་ཆུང་གི་རིང་ཐུང་སྐར་མ10ལས་མི་བརྒལ་པ།
       དྲུག འཁྲབ་གཞུང་རྐྱང་པ་ཡིན་ནwordརྣམ་པས་བསྐུར་དགོས།
       བདུན། བརྩམས་ཆོས་བསྐུར་ཡུལ། 2063805997@qq.com
       བརྒྱད། བརྩམས་ཆོས་བསྡུ་ཡུན། 2026ལོའི་སྤྱི་ཟླ8པའི་ཚེས1ནས་སྤྱི་ཟླ10པའི་ཚེས1བར།
       འབྲེལ་གཏུག་བྱ་ཡུལ། སངས་རྒྱས་བསོད་ནམས། 18697157090
འབྲེལ་ཡོད་འོས་སྦྱོར།