ལོ༢༣༠༠གོང་གི་ཆང་ཞིག་རྙེད་འདུག
རྩོམ་པ་པོ།:
ཡོང་ཁུངས།:མི་དམངས་དྲ་བ།
དུས་ཚོད།:2026-08-06
ཀློག་གྲངས།:
ཉེ་ཆར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀུའུ་ཡོན་གྲོང་ཁྱེར་ཧྲན་ཅ་པའོ་ཀྲན་གོའི་ཆིན་རྒྱལ་རབས་ཀྱི་དུར་སར་གནའ་རྫས་རྟོག་ཞིབ་ཐད་ཚད་བརྒལ་ཆེན་པོ་བྱུང་བ་སྟེ། ཚན་ཞིབ་ཚོགས་པས་རིག་ཚན་མང་པོའི་མཉམ་འབྲེལ་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ལོ2300ཙམ་གོང་གི་ཀྲན་གོའི་དུས་སྐབས་ཀྱི་ཆིན་རྒྱལ་རབས་ཀྱི་འབྲུ་ཆང་གི་ལྷག་རོ་གསལ་འབྱེད་བྱས་པ་དང་། དེའི་བསྙལ་བཟོའི་རྒྱུ་ཆ་དང་བཟོ་རྩལ་གསལ་སྟོན་བྱས་ཡོད། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དེ«གནའ་རྫས་རྟོག་ཞིབ་ཚན་རིག་དུས་དེབ་སྙན་ཞུ»ཞེས་པར་བཀོད་ཡོད་པ་རེད།

ཧྲན་ཅ་པའོ་བང་སོ་ནི་ཀུའུ་ཡོན་གྲོང་ཁྱེར་ཡོན་ཀྲོའུ་ཆུས་སུ་གནས་པ་དང་། ཀྲན་གོའི་ཆིན་རྒྱལ་རབས་ཀྱི་ལྕགས་རི་རིང་པོ་དང་ཐག་ཉེ་ཞིང་། ཀྲན་གོའི་དུས་སྐབས་ཀྱི་བང་སོ་ཁྱོན183སྔོག་འདོན་བྱས་ཡོད།

འབྲེལ་ཡོད་འོས་སྦྱོར།
